迷夜曲
Mr R
歌手:仁增太
专辑:《Mr R》

作词 : 年 森堡
作曲 : 仁增太
ས་སྲོད་བསླེབས་པ་སྔ་སོང་།
གྲིབ་མ་བོར་སོང་།
གཞས་ལ་འཐིམས་པའི་དྲན་པ།
གྲང་མོ་རླུང་གིས་གཏོར་སོང་།
ཟླ་བ་མག་མོག
མར་ངོའི་ཟླ་བ་མག་མོག
སྨིན་དྲུག་གྲང་འདར་བརྒྱབ་པས་
ཞེ་རྩ་འཁྱག་པས་བཟུང་སོང་།
ཐོ་རེངས། ཐོ་རེངས།
སྐྱེ་བ་གསུམ་ལ་བསྒུག་པའི་རྟ་ཕོ།
ཞོགས་ཉིའི་རྟོད་ཐག་དྲུད་ནས་ཕེབས་ཤོག

ལོ་ཟླ་བཞུར་བ་མགྱོགས་སོང་།
དྲན་པ་བོར་སོང་།
ལས་ཀྱི་ལམ་ཁར་བརྐོས་པའི་
རྐང་རྗེས་རླུང་གིས་བསེད་སོང་།
ལམ་བུ་ཀྱག་ཀྱོག
མདུན་གྱི་ལམ་བུ་ཀྱག་ཀྱོག
རྨི་ལམ་འཁྱག་པས་བསྡམས་པས།
དར་སོབ་སེམས་སུ་ཉིལ་སོང་།
ཐོ་རེངས། ཐོ་རེངས།
རྩྭ་ཐང་རུམ་ལ་བཅུག་པའི་འབྲོག་ཁྱི།
ལྕགས་ཐག་སིལ་སིལ་གཡུག་ནས་མཆོངས་ཤོག
རྨི་ལམ་འཁྱག་པས་བསྡམས་པས།
དར་སོབ་སེམས་སུ་ཉིལ་སོང་།
ཐོ་རེངས། ཐོ་རེངས།
རྩྭ་ཐང་རུམ་ལ་བཅུག་པའི་འབྲོག་ཁྱི།
ལྕགས་ཐག་སིལ་སིལ་གཡུག་ནས་མཆོངས་ཤོག

更多>> 仁增太的热门歌曲