阿妈啦
阿妈啦
歌手:甲夏尔•拉巴扎西
专辑:《阿妈啦》

作词 : 尼玛益西
作曲 : 尼玛益西
༼ ཨ་མ། ༽
ཚིག་: ཉི་མ་ཡེ་ཤེས།
གདངས།། : ཉི་མ་ཡེ་ཤེས།
ལེན་མཁན་: ཉི་མ་ཡེ་ཤེས།
འཇིག་རྟེན་འདི་རུ་སླེབས་དུས་ངུ་སྐད་དང་པོ་གསན་མཁན།
ཞིམ་མངར་བྲོ་བ་སྦྱིན་མཁན་བརྩེ་བའི་དྲིན་ཆེན་ཨ་མ།
གཞན་ཡུལ་འགྲིམས་པའི་བུ་ངར་རྩ་ཆེན་མི་ལུས་གནང་བཞིན།
ཟ་སྡོད་འགྲོ་གསུམ་བསླབས་མཁན་བརྩེ་བའི་དྲིན་ཆེན་ཨ་མ།
ཚེ་སྔོན་བསོད་ནམས་དབང་གི་ཚེ་འདིར་ཁྱེད་ཀྱི་བུ་ཕྲུག།
ཁྱེད་ནི་བུ་ངའི་སེམས་ནང་རྗེ་བཙུན་སྒྲོལ་མའི་སྤྲུལ་སྐུ།
ཚེ་སྔོན་ཚོགས་བསགས་ལས་ཀྱིས་ཚེ་འདིར་ཁྱེད་ཀྱི་བུ་ཕྲུག།
སྐྱེ་བ་ཕྱི་མ་ཡོད་ན་ཁྱེད་ཀྱི་བུ་ཕྲུག་བྱེད་འདོད།
བུ་ངའི་གོམས་པ་དང་པོ་བསླབས་མཁན་ཁྱེད་རང་གཅིག་པོ།
བུ་ང་མི་ཡུལ་འགྲིམས་དུས་བཀའ་སློབ་གནང་མཁན་ཁྱེད་རང།
བུ་ངའི་དྲིན་ཆེན་ཨ་མ་བརྩེ་བ་སྟོང་གི་རྒྱན་གཅིག།
བརྩེ་བའི་དྲིན་ཆེན་ཨ་མ་སྐུ་ཚེ་བྲག་ལས་བརྟན་ཤོག།
ལས་དང་སྨོན་ལམ་བཟང་པོས་ཚེ་འདིར་ཁྱེད་ཀྱི་བུ་ཕྲུག།
ཁྱེད་ནི་བུ་ངའི་སེམས་ནང་རྗེ་བཙུན་སྒྲོལ་མའི་སྤྲུ་སྐུ།
ཨ་མ་དཀའ་དྲིན་ཅན་གྱི་བུ་ངའི་ཚེ་སྲོག་བདག་མོ།
བསྟོད་པའི་གླུ་ཞིག་ལེན་ནས་བསྐྱངས་པའི་བཀའ་དྲིན་དྲན་བྱུང་།།
ཚེ་སྔོན་བསོད་ནམས་དབང་གི་ཚེ་འདིར་ཁྱེད་ཀྱི་བུ་ཕྲུག།
ཁྱེད་ནི་བུ་ངའི་སེམས་ནང་རྗེ་བཙུན་སྒྲོལ་མའི་སྤྲུལ་སྐུ།།
ཚེ་སྔོན་ཚོགས་བསགས་ལས་ཀྱིས་ཚེ་འདིར་ཁྱེད་ཀྱི་བུ་ཕྲུག།།
སྐྱེ་བ་ཕྱི་མ་ཡོད་ན་ཁྱེད་ཀྱི་བུ་ཕྲུག་བྱེད་འདོད།
ཁྱེད་ཀྱི་བུ་ཕྲུག་བྱེད་འདོད།
ཁྱེད་ཀྱི་བུ་ཕྲུག་བྱེད་འདོད།
歌词编辑:拉巴扎西
更多>> 甲夏尔•拉巴扎西的热门歌曲