歌手:
野狼乐队
专辑:
《狼的回头》 སྙིང་སྡུག་ལགས་ ཁྱེད་རང་དྲན་།
ཚིག་ དཀའ་ཐུབ་རྒྱལ་
ལེན་མཁན་ ཚེ་རིང་རྒྱ་མཚོ་
གཞས་ཚིག་བསྒྲིགས་མཁན་ རིན་སྤུངས་བསམ་གྲུབ་
ཁྱེད་དང་འཕྲད་པའི་ཉིན་དེར་
ང་ཡི་རྣམ་ཤེས་མདའ་མོ་གཤོག་ཐོགས་བཞིན་
སྐུད་མེད་ཀྱི་ཤོག་བྱ་དང་བསྡོངས་ནས་
ཁྱེད་ཀྱི་ཕྱོགས་སུ་ཕྱོགས་སུ་འཕུར་སོང་
ཆུ་དང་ཉ་མོ་བཞིན་དུ་
གཏན་དུ་གཏན་དུ་གཤིབ་རྒྱུ་བྱུང་ན་
ཁ་ལ་ལྕགས་ཀྱུ་ཕོག་ཀྱང་
སེམས་ལ་འགྱོད་པ་འགྱོད་པ་མི་འདུག་
སྙིང་སྡུག་ལགས་
ཁྱེད་རང་དྲན་
འཇོལ་མོ་ལྟ་བུའི་ཁྱེད་ཀྱི་སྐད་ངག་དྲན་
སྙིང་སྡུག་ལགས་
ཁྱེད་རང་དྲན་
ཁ་བ་དཀར་བའི་ཁྱེད་ཀྱི་ལྷག་བསམ་དྲན་།
ཁྱེད་དང་འཕྲད་པའི་ཉིན་དེར་
ང་ཡི་རྣམ་ཤེས་མདའ་མོ་གཤོག་ཐོགས་བཞིན་
སྐུད་མེད་ཀྱི་ཤོག་བྱ་དང་བསྡོངས་ནས་
ཁྱེད་ཀྱི་ཕྱོགས་སུ་ཕྱོགས་སུ་འཕུར་སོང་
ཆུ་དང་ཉ་མོ་བཞིན་དུ་
གཏན་དུ་གཏན་དུ་གཤིབ་རྒྱུ་བྱུང་ན་
ཁ་ལ་ལྕགས་ཀྱུ་ཕོག་ཀྱང་
སེམས་ལ་འགྱོད་པ་འགྱོད་པ་མི་འདུག་
སྙིང་སྡུག་ལགས་
ཁྱེད་རང་དྲན་
འཇོལ་མོ་ལྟ་བུའི་ཁྱེད་ཀྱི་སྐད་ངག་དྲན་
སྙིང་སྡུག་ལགས་
ཁྱེད་རང་དྲན་
ཁ་བ་དཀར་བའི་ཁྱེད་ཀྱི་ལྷག་བསམ་དྲན་།
སྙིང་སྡུག་ལགས་
ཁྱེད་རང་དྲན་
ཁ་བ་དཀར་བའི་ཁྱེད་ཀྱི་ལྷག་བསམ་དྲན་།