歌手:
南太加
专辑:
《Messenger of Shambhala》 作词 : 桑杰扎西
作曲 : 赞丹罗马
ཁྱེད་རང་བྱང་ནས་ཕེབས།
བྱང་ནས་ཕེབས་པའི་ཤེས་རབ་འོད་སྣང་ཡིན།
ཤྰམ་བྷ་ལ་ཡི་གྲོང་འདིའི་གསེར་ཏོག་ཡིན།
བསྟན་འཛིན་མཐུ་སྟོབས་གྲགས་པའི་མཚན་ཅན་ཁྱོད།
སྒོ་དམར་གྲུབ་ཆེན་ཚང་གི་སྤྲུལ་སྐུ་ཡིན།
ཐོས་བསམ་སྒོམ་པའི་མཛད་བཟང་ལོ་རྒྱུས་ཀྱིས།
མཁས་པའི་གདན་ས་འོད་ཀྱིས་ཁེངས་པར་བྱས།
རྒྱལ་ཁམས་སྟོབས་ཀྱིས་བསྐྱེད་པའི་སྒོ་དམར་སྟོང་སྡེ།
རྒྱལ་ཁམས་སྟོབས་ཀྱིས་བསྐྱེད་པའི་སྒོ་དམར་སྟོང་སྡེ།
ང་ཚོ་བྱང་ནས་འོང་།
བྱང་ནས་འོང་པའི་གཞིས་སྲུང་རུ་དཔུང་ཡིན།
གནས་འདིའི་གཞི་འཛིན་ཐོག་མ་སྒོ་དམར་བ།
མཐའ་འདུལ་དཔའ་བོ་སྟོང་གི་ཕ་ས་འདི།
གྱི་མཁར་ཟངས་སྒོ་ཅན་གྱི་བཙན་རྫོང་ཡིན།
ཕྱི་དགྲ་ནང་རྐུན་བཅོམ་པའི་ལོ་རྒྱུས་ཀྱིས།
དགུ་ཆུ་དལ་བ་རིང་མོ་སྐྱེངས་པར་བྱས།
རྒྱལ་ཁམས་སྟོབས་ཀྱིས་བསྐྱེད་པའི་སྒོ་དམར་སྟོང་སྡེ།
རྒྱལ་ཁམས་སྟོབས་ཀྱིས་བསྐྱེད་པའི་སྒོ་དམར་སྟོང་སྡེ།