美丽的类乌齐
问候天籁之音
歌手:康旺加
专辑:《问候天籁之音》

作词 : 民歌
作曲 : 民歌
སྐྱིད་པོ་དབྱི་ཤོད་ལུང་པ།
ས་ཆ་སྐྱིད་པོ་གང་ཡིན་མ་ཤེས་ན།
ས་ཆ་སྐྱིད་པོ་ལྷ་སའི་ལུང་པ་རེད།
སྙིང་རྗེ་ཆེ་བ་སུ་ཡིན་མ་ཤེས་ན།
སྙིང་རྗེ་ཆེ་བ་ཇོ་བོ་ཡིད་བཞིན་ནོར་བུ།
དད་པ་ཅན་གྱི་ཕྱག་རྒྱ་རུགས་སེ་རུག
སྙིང་རྗེ་ཅན་གྱི་བསྐོར་བ་དཀྱིལ་ལི་ལི།

ས་ཆ་སྐྱིད་པོ་གང་ཡིན་མ་ཤེས་ན།
ས་ཆ་སྐྱིད་པོ་རང་ཡུལ་ལུང་པ་རེད།
བཀའ་དྲིན་ལ་ཆེ་བ་སུ་ཡིན་མ་ཤེས་ན།
བཀའ་དྲིན་ལ་ཆེ་བ་དྲིན་ཆེན་ཕ་ལོ་མ་ལོ།
དད་པ་ཅན་གྱི་ཕྱག་རྒྱ་རུགས་སེ་རུག
སྙིང་རྗེ་ཅན་གྱི་བསྐོར་བ་དཀྱིལ་ལི་ལི།

ས་ཆ་སྐྱིད་པོ་གང་ཡིན་མ་ཤེས་ན།།
ས་ཆ་སྐྱིད་པོ་དབྱི་ཤོད་ལུང་པ་རེད།།
བྱིན་རླབས་ཆེ་བ་སུ་ཡིན་མ་ཤེས་ན།།
བྱིན་རླབས་ཆེ་བ་གཙུགས་ལག་མཐོང་བ་རང་གྲོལ།།
དད་པ་ཅན་གྱི་ཕྱག་རྒྱ་རུགས་སེ་རུག
སྙིང་རྗེ་ཅན་གྱི་བསྐོར་བ་དཀྱིལ་ལི་ལི།
更多>> 康旺加的热门歌曲