悔改
祖先啦纳木
歌手:罗布桑珠
专辑:《祖先啦纳木》

作词 : 罗布桑珠
作曲 : 罗布桑珠
༺ བློ་ཤེས། ༻
ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ཡོའོ། དྲིན་ཆེན་ཕ་མའི་བཀའ་དྲིན་འོག་ལ།
མི་ལུས་རིན་ཆེན་ང་ལ་ཐོབ།
དྲིན་ཆེན་ཕ་མའི་བྱམས་སྐྱོང་འོག་ལ།
ང་ནི་གཅེས་ལང་ཤོར། སེམས་ནང་།
ཕ་མའི་བཀའ་དྲིན་མ་བསམ།
ཉིན་ལྟར་ཕྱི་ལ་འཁྱམས་པར་ཕྱིན།
དགོས་པའི་ཤེས་བྱའི་རིག་ལ་མ་བརྩོན།
ཐ་མ་སྦི་རག་ང་ཡིས་སྦྱངས།
ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན།
ཉིན་གསུམ་ཉིན་བཞི་ཉིན་ལྔ་ཕྱིན།
སློབ་གྲྭར་མ་ཕྱིན་རྒྱག་རེས་བརྒྱབ།
ནང་ལ་ལོག དངུལ་གཅིག་བརྐུས།
མི་ཡིས་ལྤགས་པས་བཏུམ་པ་ཙམ་ལས།
བསམ་བློ་གཏོང་མི་ཤེས།
ལང་ཚོར་གཅེས་སྤྲས་བྱེད་མི་ཤེས།
ཕ་མར་བསམ་ཤེས་དེ་བས་བྱེད་མི་ཤེས།
ཐ་ན་གང་ཡང་མེད་པའི་ཕན་མེད་ཟོག་རོ་ཞིག་ལྟར།
ཉིན་མཚན་མེད་པར་ཕར་འཁྱམས་ཚུར་འཁྱམས།
ཡང་བསྐོར་བསྐྱར་བསྐོར། ཡང་བསྐོར་བསྐྱར་བསྐོར།
དེ་འདྲའི་འཚོ་བར་སྙིང་པོ་གང་ཡོད་ད་ཆ་ང་ཡིས་ཧ་མི་གོ
ཤར་ཕྱོགས་རིའི་རྩེ་ནས་ཉི་མ་ཤར་བའི་དུས།
ང་ཡི་མི་ཚེའི་མདུན་ལམ་འཚལ་ནས་ཡོད།
བྱམས་དང་དྲོ་བའི་དྲིན་ཆེན་ཕ་མའི་པང་ནས་ཁ་བྲལ་ནས།
ཟང་ཟིང་གི་སྤྱི་ཚོགས་ཐོག་ཉིན་ལྟར་ཁྱི་སྨྱོན་ལྟར།
འོད་སྣང་མེད་པའི་འཚོ་བའི་ནང་དུ་འཚར་ལོངས་བྱེད་བཞིན།
རང་ཉིད་མཐའ་འཁོར་མི་རྣམས་ནི་ཤ་ལ་དགའ་བའི་སྤྱང་ཀི་འདྲ་ལ།
འདྲེ་དང་འདྲ་བའི་གད་མོ་ང་ལ་བགད་ནས་བསྡད་འདུག
སྐབས་དེར་ངས་ཕྱིར་བལྟས་ཞིག་སློག་ནས་བལྟ་དུས།
ཨ་ཙི་རིང་ཞིང་དཀར་པོར་འགྱུར་བའི་དྲིན་ཆེན་ཕ་མ།
སྤྱན་ཆབ་ལྷུང་ནས་འདུག
དེ་ནས་སེམས་ཐག་བཅད་དེ་སློབ་གྲྭར་འགོ་ནས་ཕྱིན།
འོན་ཀྱང་སྔོན་མའི་སློབ་གྲྭའི་འཚོ་བའི་བྲོ་བ་དེ་དག་བསྡད་མི་འདུག
རྒན་ལགས་རྣམས་ཀྱི་སྤྱན་ནང་ང་ནི་སློབ་ཕྲུག་སྡུག་ཅག་ཞིག
སློབ་མ་རྣམས་ཀྱི་མིག་ནང་ང་ནི་སློབ་གྲོགས་སྡུག་ཅག་ཞིག
རོགས་པ་རྣམས་ཀྱི་མིག་ནང་ང་ནི་གྲོགས་པོ་སྡུག་ཅག་ཞིག
དེ་ནས་ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན།
ཉིན་གསུམ་ཉིན་བཞི་ཉིན་ལྔ་ཕྱིན།
མི་ཚེའི་ལམ་བུའི་སྟེང་ལ་འགྲོ་ཁའི་བུ་ཆུང་ང་ལ།
མ་ཤེས་པ་འཕྲད་སྐབས་འདྲི་སའི་བཤེས་གཉེན་མེད།
རང་གི་སེམས་པ་མཐུན་པའི་གྲོགས་པོ་ང་ལ་མེད།
སྤུན་མཆེད་རྣམས་ཀྱི་ཡིད་ཆེས་དེ་བས་ང་ལ་མེད།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
འདས་ཟིན་པའི་ལོ་ཟླ་དེ་རྣམས་ཕྱིར་ལོག་རྒྱུ་མེད།
མ་འོངས་ཀྱི་དུས་ཚོད་དེ་ལ་འབད་བརྩོན་ཞིག་གྱིས་དང་།
ཚུར་ལ་གསན་དང་། ང་ཡི་གྲོགས་པོ་གྲོགས་མོ།
འབད་བརྩོན་གྱིས་དང་།
ང་ཚོའི་ཕུགས་བསམ་གྱི་ཆེད་དུ་ང་ཚོའི་མདུན་ལམ་འདི་ཡི།
ལམ་ཟུར་དེ་ནས་ལག་གཡུག་བརྒྱབ་བཞིན་འདུག
ཁྱེད་ཚོས་ཁ་ཕྱོགས་ནོར་ནས་མ་ཐད་རོགས།
དེ་ནས་ཡང་ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན།
ཉིན་གསུམ་ཉིན་བཞི་ཉིན་ལྔ་ཕྱིན།
ང་ཚོར་དགོས་པའི་དྲོ་བའི་ཉི་མ་ཤར་སོང་།
ཕ་མའི་ཞལ་ནས་དགའ་བའི་འཛུམ་མདངས་ཞིག་འཕྱུར་སོང་།
ད་ཆ་ང་རང་འགྲོ་བའི་ལམ་བུ་དེ་ལ།
ང་རང་གཅིག་པུ་མིན་པར།
རང་གི་སེམས་པ་མཐུན་པའི་གྲོགས་པོ་ང་ལ་ཡོད།
སྤུན་མཆེད་རྣམས་ཀྱི་བྱམས་བརྩེའི་སྤྱན་གྱིས་གཟིགས་བྱུང་།
བྱས་ཙང་ངའི་རེ་བར་ད་ལྟ་ཁ་ཕྱོགས་ནོར་ནས་ཡོད་པའི་གཞོན་ནུ་ཚོ།
གལ་སྲིད་ཁྱེད་ཚོར་སེམས་ཤུགས་ཡོད་ན་ཕྱི་དྲགས་མེད།
ཁྱེད་རྣམས་པས་ཕྱིར་བལྟས་སློག་ནས་གཅིག་ལྟོས་དང་།
ཕ་མའི་སྤྱན་ཆབ་དེ་ཕྱིས་དང་།
རང་ཉིད་ཕུགས་བསམ་ཆེད་དུ་འབད་བརྩོན་ཞིག་གྱིས་དང་།
ཡེ། ཤར་ཕྱོགས་ནས་ཤར་བའི་ཉི་མ་དེ་ཡིས།
ནམ་ཡང་ང་ཚོའི་མདུན་ལམ་དེ་ལ་བལྟས་ནས་བསྡད་ཡོད།
ཤར་ཕྱོགས་རིའི་རྩེ་ནས་ཉི་མ་ཤར་བའི་དུས།
ང་ཡི་མི་ཚེའི་མདུན་ལམ་འཚལ་ནས་ཡོད།
更多>> 罗布桑珠的热门歌曲