林中秘史
六世
歌手:完玛三智
专辑:《六世》

作词 : 仓央嘉措
作曲 : 完玛三智

ནོར་བུ་རང་ལ་ཡོད་དུས

ནོར་བུའི་ནོར་ཉམས་མ་ཆོད

ནོར་བུ་མི་ལ་ཤོར་དུས

སྙིང་རླུང་སྟོད་ལ་འཚངས་བྱུང༌

རང་ལ་དགའ་བའི་བྱམས་པ

གཞན་གྱི་འདུན་མར་བླངས་སོང༌

ཁོག་ནད་སེམས་པའི་གཅོང་གིས

ལུས་པོའི་ཤ་ཡང་བསྐམས་སོང༌

སྙིང་ཐུབ་རྐུ་ལ་ཤོར་སོང༌

མོ་ཕྱཱ་རྩིས་འབུལ་རན་སོང༌

བུ་མོ་དུང་སེམས་ཅན་མ

རྨི་ལམ་ལ་ཡང་འཁོར་བྱུང༌

བུ་མོར་འཆི་བ་མེད་ན

ཆང་ལ་འཛད་པ་མི་འདུག

གཞོན་པའི་གཏན་གྱི་སྐྱབས་གནས

འདི་ལ་བཅོལ་བས་ལོས་ཆོག

རྟ་རྒོད་རི་ཡར་བརྒྱབ་པ

རྙི་དང་ཞགས་པས་ཟིན་གྱི

བྱམས་པས་ངོ་ལོག་བརྒྱབ་པས
更多>> 完玛三智的热门歌曲