Drang-Song La
Voices From Tibet
歌手:Gang Chenpa
专辑:《Voices From Tibet》


དྲང་སྲོང་ལ་
གཞས་མཁན-གངས་ཅན་པ་ Gang chenpa

དྲང་སོང་ལ་ནས་བལྟས་པས་
ཉི་ཟླ་ལ་དང་མཉམ་སོང་
སོའོ་ཨོ་ཡ་ལ་ བྱ་རྒྱལ་རྒོད་པོ་བཞིན་དུ་
ནམ་འཕང་བཅད་ནས་ཆས་འགྲོ་
སོའོ་ཨོ་ཡ་ལ་ བྱ་རྒྱལ་རྒོད་པོ་བཞིན་དུ་
ནམ་འཕང་བཅད་ནས་ཆས་འགྲོ་

ལ་མགོ་ཁ་བས་འགག་ཀྱང་
ལ་གཤམ་བསྐོར་ནས་ཆས་འགྲོ་
སོའོ་ཨོ་ཡ་ལ་ ལ་གཤམ་ཆུ་མོས་འགག་ཀྱང་
ཀོ་གྲུ་བཏང་ནས་ཆས་འགྲོ།
སོའོ་ཨོ་ཡ་ལ་ ལ་གཤམ་ཆུ་མོས་འགག་ཀྱང་
ཀོ་གྲུ་བཏང་ནས་ཆས་འགྲོ།

འཁྲུག་གཞས་
སེམས་པ་གསེར་གཞོང་ཕྲ་མོས་
ལུས་སེམས་བདེ་རུ་བཅུག་དང་
སོའོ་ཨོ་ཡ་ལ་ ཨོ་རོགས་ན་ཆུང་བཞིན་དུ
གྲོགས་སྐད་བརྒྱབས་ནས་ཆས་འགྲོ་།
སོའོ་ཨོ་ཡ་ལ་ ཨོ་རོགས་ན་ཆུང་བཞིན་དུ
གྲོགས་སྐད་བརྒྱབས་ནས་ཆས་འགྲོ་།༢
更多>> Gang Chenpa的热门歌曲