曲啦桑布
曲啦桑布
歌手:才姆措
专辑:《曲啦桑布》

作词 : 民间
作曲 : 民间
ཆོས་ལ་བཟང་བོ།
ཚིག། དམངས་ཁྲོད།
དབྱངས། དམངས་ཁྲོད།
གཞས་མ། ཚེ་མོ་མཚོ།
࿄࿄࿄
རྒྱ་གར་ཆོས་ཀྱི་རྒྱལ་པོ།།
མེ་ཏོག་ནང་ནས་འཁྲུངས་སོང་།།
འཁྲུངས་སོང་ལ་མོ་ཆོས་ལ་བཟང་པོ་རོ།།
རི་བོ་གསེར་གྱི་རྩེ་ལ་ཟླ་བ་བཟང་པོ་རོ།།
མེ་ཏོག་བཞད་པའི་ས་ཆ།།
བཀྲ་རེ་ཤིས་པ་བྱུང་སོང་།།
བྱུང་སོང་ལ་མོ་ཆོས་ལ་བཟང་པོ་རོ།།
རི་བོ་གསེར་གྱི་རྩེ་ལ་ཟླ་བ་བཟང་པོ་རོ།།
࿄࿄࿄
རྒྱ་གར་ཆོས་ཀྱི་རྒྱལ་པོ།།
མེ་ཏོག་ནང་ནས་འཁྲུངས་སོང་།།
འཁྲུངས་སོང་ལ་མོ་ཆོས་ལ་བཟང་པོ་རོ།།
རི་བོ་གསེར་གྱི་རྩེ་ལ་ཟླ་བ་བཟང་པོ་རོ།།
࿄࿄࿄
བཞིས་པ་བྲོ་ར་བདེ་མོ།།
བདེ་ལེགས་བསྭོ་སྒྲའོ་བསྭོ་སོང་།།
བསྭོ་སོང་ལ་མོ་ཆོས་ལ་བཟང་པོ་རོ།།
རི་བོ་གསེར་གྱི་རྩེ་ལ་ཟླ་བ་བཟང་པོ་རོ།།
རྒྱ་གར་འོ......
ཆོས་ཀྱི་ལ་རྒྱལ་བོ......
རྒྱ་གར་འོ......
ཆོས་ཀྱི་ལ་རྒྱལ་བོ......
更多>> 才姆措的热门歌曲