情谊深深
情谊深深
歌手:尼多
专辑:《情谊深深》

作词 : 德加
作曲 : 尼多
མ་ཐུག་ཡུན་རིང་འགོར་བས།།
ཨེ་ཐུག་ཡང་ཡང་བསམ་བྱུང་།།
བར་ཐག་རི་ཆུས་བཅད་པས།།
བྱམས་པར་ཐུག་ཐབས་མ་བྱུང་།།
རི་ཆུའི་འགག་འཕྲང་གཏོར་ནས།།
སྙིང་ཉེ་ཐུག་གི་ཐོན་ཡོད།།

བརྩེ་སེམས་རྡོ་རྗེ་མདུད་པ།།
མ་འགྱུར་དང་མའི་དུ་ཡིན།།
ང་ཁྱེད་ཀྱི་དུས་གསུམ་གྱི་དཔུང་རོགས་ཡིན།
ཁྱོད་ང་ཡི་ཉིན་མཚན་གྱི་དྲོད་ཁོལ་ཡིན།།

ལྷན་ན་ཡོད་དུས་འཁོན་ཡོང་།།
སོ་སོར་སོང་རྗེས་དྲན་ཡོང་།།
ལས་འཕྲོ་ཅན་གྱི་བྱམས་པར།།
འཁོན་ཞོར་མཐུན་ཞོར་འགྲོགས་ཡོང་།།

ཆུང་ནས་སྙིང་ལ་སིམ་པའི།།
བྱམས་པ་འདི་ལ་མི་འགལ།།
ཚེ་འདིར་འདི་འདྲ་མི་རྙེད།།
འདི་ནི་གཤིས་དྲང་གཞུང་དྲང་།།

ང་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་དབུ་འཁྱུད་ཡིན།
ཁྱོད་ང་ཡི་སྣང་བའི་འཇིག་རྟེན་གྱི་མེ་ལོང་ཡིན།
ཞལ་མཇལ་ཨེ་ཡོང་བསམ་ནས།།
དྲན་པ་ཉིན་ལ་བརྩེགས་ཀྱང་།།
ཁ་ཡིག་སྐོར་ལོག་ཡིན་པས།།
བྱམས་པར་མཇལ་ཕྲད་མ་བྱུང་།།

ཆུང་འདྲིས་སྲོག་གི་ཆ་ཡིན།།
སྙིང་གཏམ་མི་ཚེའི་ནོམ་ཡིན།།
ལས་མཐུན་སྒྲོལ་མ་ལྷ་མོ།།
སྐྱིད་ལ་སྡུག་གི་གཉེན་ཡིན།།
ང་ཁྱོད་ཀྱི་ལས་དབང་གི་ཁ་ཡིག་ཡིན།།
ཁྱོད་ང་ཀྱི་བདེ་སྐྱིད་ཀྱི་འབོད་པ་ཡིན།།
录音:壮尕甲工作室
更多>> 尼多的热门歌曲