岁月母亲
等待
歌手:根呷
专辑:《等待》

ཐག་རིང་གི་ཨ་མ།
གཞས་མཁན། དཀུན་དགའ།
ས་མཐའི་ཡུལ་གྲུ་ཞིག་ནས།
ནམ་མཁའི་དབྱིངས་སུ་ལྟ་སྐབས།
དཀར་གསལ་དུང་ཟླ་ཤར་བས།
ཨ་མ་ཡིད་ལ་འཁོར་བྱུང་།
ཨ་མའི་གམ་ན་ཡོད་དུས།
ལོ་ཟླའི་གྲངས་ཀ་མ་རྩིས།
ད་ལྟ་ས་མཐའ་འགྲིམས་དུས།
སྐར་ཆའི་ཆ་ཤས་བགྲངས་སོང་།
ཨ་མའི་གམ་ན་ཡོད་དུས།
ལོ་ཟླའི་གྲངས་ཀ་མ་རྩིས།
ད་ལྟ་ས་མཐའ་འགྲིམས་དུས།
སྐར་ཆའི་ཆ་ཤས་བགྲངས་སོང་།
ཐང་དཀར་ཡིན་ན་བསམ་བྱུང་།
ཁུ་བྱུག་ཡིན་ན་བསམ་བྱུང་།
དྲིན་ཆེན་ཨ་མའི་གམ་ལ།
འཕུར་རྒྱུ་བྱུང་ན་བསམ་བྱུང་།
ད་ལྟ་ས་མཐའ་འགྲིམས་དུས།
སྐར་ཆའི་ཆ་ཤས་བགྲངས་སོང་།
ཐང་དཀར་ཡིན་ན་བསམ་བྱུང་།
ཁུ་བྱུག་ཡིན་ན་བསམ་བྱུང་།
དྲིན་ཆེན་ཨ་མའི་གམ་ལ།
འཕུར་རྒྱུ་བྱུང་ན་བསམ་བྱུང་།
更多>> 根呷的热门歌曲