恋人 作词 : 岗尖土登扎西 作曲 : 三智才让 ཆུང་འདྲིས། ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས། དབྱངས། མགར་བསམ་འགྲུབ་ཚེ་རིང་། ལེན་མཁན། མགར་བསམ་འགྲུབ་ཚེ་རིང་། ཆུང་འདྲིས་ཆུང་འདྲིས་ཟེར་བཞིན། ཆུང་ནས་འདྲིས་ཤིང་ལོབ་པ། ད་ཚོད་ག་ནས་ཐུག་ཀྱང་། གཞན་དང་འདྲ་ལེ་མ་རེད། དེ་ནི་ཨ་གསར་མིན་པའི། གཞོན་པའི་དུས་ཀྱི་འདང་རེད། འདང་བརྩེ་ཉི་མ་འདྲ་བོ། ནུབ་པ་མེད་པའི་བཀྲ་ཤིས། ~ ཆུང་འདྲིས་ཆུང་འདྲིས་ཟེར་བཞིན། ཆུང་ནས་དགའ་ཞིང་མཐུན་པ། ད་ཚོད་སུ་ལ་བསྡུར་ཀྱང་། བསྡུར་ཐབས་ཡོད་ས་མ་རེད། དེ་ནི་ཨ་གསར་མིན་པའི། གཞོན་པའི་དུས་ཀྱི་ཁྲེལ་རེད། ཁྲེལ་གཞུང་ཟླ་བ་འདྲ་བོ། ཡལ་བ་མེེད་པའི་བཀྲ་ཤིས། ~ ཆུང་འདྲིས་ཆུང་འདྲིས་ཟེར་བཞིན། ཆུང་ནས་སེམས་ཀྱིས་འཚོས་ཡོད། ད་ཚོད་མཐོང་རྒྱུ་མང་ཡང་། ཆུང་འདྲིས་སྔར་བཞིན་མཛེས་པ། དེ་ནི་དྭངས་ཤིང་གཙང་བའི། གཞོན་པའི་དུས་ཀྱི་སེམས་རེད། སེམས་པ་འོ་མ་འདྲ་བོ། འགྱུར་བ་མེད་པའི་བཀྲ་ཤིས། དེ་ནི་དྭངས་ཤིང་གཙང་བའི། གཞོན་པའི་དུས་ཀྱི་སེམས་རེད། སེམས་པ་འོ་མ་འདྲ་བོ། འགྱུར་བ་མེད་པའི་བཀྲ་ཤིས། འགྱུར་བ་མེད་པའི་བཀྲ་ཤིས།