情书 作词 : 卡加琼翁 作曲 : 更呷丹增 མཚན་མོའི་ཟླ་བ་ཁེར་རྐྱང་ཁྱོད།། སུ་ལ་སྒུག་སྟེ་མིག་ཆུ་འབྱིན།། གསང་བ་ཡོད་ཚད་ཁྱོད་ལ་ཤོར།། ལམ་འདི་ལས་ཀྱི་འཐོབ་བྱ་ཡིན།། ཡིད་མཐུན་གྲོགས། བརྩེ་བའི་མི། ལམ་འདི་ལས་ཀྱི་འཐོབ་བྱ་ཡིན།། ~ དུང་བའི་སྙིང་གཏམ་འོ་མའི་འཕྲིན།། བརྩེ་བས་བསྲུབས་པའི་མར་ལོའི་ཚིག། སུ་ལ་མ་བཤད་ཁྱོད་ལ་ཤོར།། གཏམ་དང་སྐད་ཆའི་ཐོག་མ་ཡིན།། ཡིད་མཐུན་གྲོགས། བརྩེ་བའི་མི། གཏམ་དང་སྐད་ཆའི་ཐོག་མ་ཡིན།། ~ སྙིང་གཏམ་སུ་ལ་མ་ལབ་པར།། མི་ཚེ་ཕྱེད་ཀ་རླུང་གིས་ཁྱེར།། དེ་རིང་ཁྱེད་ལ་འཕྲད་པ་འདི།། ཚེ་མཇུག་བདག་པོ་ཡིན་པར་མཛོད།། ཡིད་མཐུན་གྲོགས། བརྩེ་བའི་མི། ཚེ་མཇུག་བདག་པོ་ཡིན་པར་མཛོད།། ~(ལོ་ཡི་ཐེམ་པ་མཐོ་ན་ཡང་། གདོང་གི་བརྩེགས་རིམ་མང་ན་ཡང་། ལྷད་མེད་ཀྱི་མཆོད་མེ་འདི། སྒྲོན་ས་ཁྱོད་མ་གཏོགས་གཞན་མེད།)