再见!同学 ༄༅།། ཕེབས་ཨང་།སློབ་གྲོགས། ཚིག་གདངས། གྲ་ནང་བསྟན་པ་ཚེ་རིང་། གཞས་པ། གྲ་ནང་བསྟན་པ་ཚེ་རིང་། * * * * * * * * ཟླ་དྲུག་པའི་ཕོ་ཉ་ང་ཚོའི་གམ་དུ་སླེབས་སོང་། ཟླ་དྲུག་པའི་ཕོ་ཉས་ང་ཚོའི་ལས་དབང་འཕྲོག་སོང་། རང་སོ་སོའི་མདུན་ལམ་རླབ་ཆེན་ཕུགས་བསམ་ཆེད་དུ། ངའི་སློབ་གྲོགས་ལྷན་རྒྱས་སོ་སོར་བྲལ་དགོས་བྱུང་སོང་། སྔོན་ཆད་བཤིབ་དུས་ཕར་རོགས་ཚུར་རོགས་མ་བྱུང་། ད་ཆ་བྲལ་དུས་སྐྱོ་གདུང་གི་མིག་ཆུ་ཤོར་བྱུང་། ག་ལེ་ཕེབས་ཨང་། ངའི་སློབ་གྲོགས། རྗེས་སུ་མཇལ་ཡོང་། ངའི་སློབ་གྲོགས། མ་འོངས་སྐུ་གཟུགས་ཐུགས་བཅག་གནང་རོགས། * * * * * * * * ཁྱེད་ཀྱིས་བོད་གཞས་གསན་པར་ཐུགས་རྗེ་ཆེ་ཞུ། * * * * * * * * སྔོན་མཉམ་འཛོམས་དུས་ལ་བདེ་སྐྱིད་ཚོར་སྣང་མ་ཤེས། དུས་ད་ཆ་བྲལ་དུས་སྐྱོ་གདུང་མིག་ཆུ་ཤོར་བྱུང་། སྔོན་སློབ་ཁང་གཅིག་ནང་མཐུན་སྒྲིལ་རྣམ་པ་དྲན་བྱུང་། ཡང་ཉལ་ཁང་གཅིག་ནང་བྲལ་མེད་ལ་རྒྱ་དྲན་བྱུང་། ད་ཆ་བྲལ་དུས་དྲན་རྟེན་ལག་རྟགས་སྤྲད་དུས། སྔར་སོང་དྲན་བཞིན་སྐྱོ་སྣང་མིག་ཆུ་ཤོར་བྱུང་། ག་ལེ་ཕེབས་ཨང་། ངའི་སློབ་གྲོགས། མ་བརྗེད་གནང་རོགས། ངའི་སློབ་གྲོགས། སླར་ཡང་མཇལ་བའི་སྨོན་ལམ་བསྐྱོན་རོགས། ད་ཆ་བྲལ་དུས་དྲན་རྟེན་ལག་རྟགས་སྤྲད་དུས། སྔར་སོང་དྲན་བཞིན་སྐྱོ་སྣང་མིག་ཆུ་ཤོར་བྱུང་། ག་ལེ་ཕེབས་ཨང་། ངའི་སློབ་གྲོགས། མ་བརྗེད་གནང་རོགས། ངའི་སློབ་གྲོགས། སླར་ཡང་མཇལ་བའི་སྨོན་ལམ་བསྐྱོན་རོགས། ག་ལེ་ཕེབས་ཨང་། ངའི་སློབ་གྲོགས། མ་བརྗེད་གནང་རོགས། ངའི་སློབ་གྲོགས། སླར་ཡང་མཇལ་བའི་སྨོན་ལམ་བསྐྱོན་རོགས། གཞས་ཚིག་མཁོ་འདོན། གྲ་ནང་བསྟན་པ་ཚེ་རིང་།