对不起!旦珍 ༄༅།། བསྟན་སྒྲོན་དགོངས་པ་མ་ཚོམ། ཚིག་གདངས། གྲ་ནང་བསྟན་པ་ཚེ་རིང་། གཞས་པ། གྲ་ནང་བསྟན་པ་ཚེ་རིང་། * * * * * * * * དང་པོ་ང་གཉིས་སེམས་པ་མཐུན་པའི་བརྩེ་གྲོགས། གཉིས་པ་ང་གཉིས་བརྩེ་དུང་ཟབ་པའི་སྙིང་གྲོགས། གསུམ་པ་བཀོད་པའི་ལས་ལ་བཟློག་ཐབས་མེད་ན། དེ་རིང་བུ་མོ་བསྟན་སྒྲོན་དགོངས་པ་མ་ཚོམ། དང་པོ་བརྩེ་དུང་ལ་ཨུ་ཚུགས་འགྲོ་ས་མེད་ན། གཉིས་པ་ང་གཉིས་ཕན་ཚུན་ཡིད་ཆེས་མེད་ན། གསུམ་པ་བཀོད་པའི་ལས་ལ་བཟློག་ཐབས་མེད་ན། དེ་རིང་བུ་མོ་བསྟན་སྒྲོན་དགོངས་པ་མ་ཚོམ། དགོངས་པ་མ་ཚོམ། བུ་མོ་བསྟན་སྒྲོན་ལགས། ང་ཡི་སྐད་ཆ་འདི་ཡིས་ཁྱེད་ལ་ཕོག་ཐུག་བཏང་སོང་། དགོངས་པ་མ་ཚོམ། བུ་མོ་བསྟན་སྒྲོན་ལགས། ངས་ཁྱེད་ལ་བདེ་སྐྱིད་ཐོབ་པའི་སྨོན་ལམ་འདེབས། * * * * * * * * ཁྱེད་ཀྱིས་བོད་གཞས་གསན་པར་ཐུགས་རྗེ་ཆེ་ཞུ། * * * * * * * * དང་པོ་ང་གཉིས་སེམས་མཐུན་ལས་འཕྲོའི་དམ་བཅའ། གཉིས་པ་ང་གཉིས་ཚེ་གང་མི་ཚེའི་དམ་བཅའ། གསུམ་པ་བཀོད་པའི་ལས་ལ་བཟློག་ཐབས་མེད་ན། དེ་རིང་བུ་མོ་བསྟན་སྒྲོན་དགོངས་པ་མ་ཚོམ། དང་པོ་བརྩེ་དུང་ལ་ནོར་འཁྲུལ་ཤོར་ས་མེད་ན། གཉིས་པ་ང་གཉིས་ཕན་ཚུན་བསམ་ཤེས་མེད་ན། གསུམ་པ་བཀོད་པའི་ལས་ལ་བཟློག་ཐབས་མེད་ན། དེ་རིང་བུ་མོ་བསྟན་སྒྲོན་དགོངས་པ་མ་ཚོམ། དགོངས་པ་མ་ཚོམ། བུ་མོ་བསྟན་སྒྲོན་ལགས། ང་ཡི་བརྩེ་དུང་འདི་ཡི་ཁྱེད་ལ་ཕོག་ཐུག་བཏང་སོང་། དགོངས་པ་མ་ཚོམ། བུ་མོ་བསྟན་སྒྲོན་ལགས། ང་གཉིས་ལ་སྐྱེ་བ་ཕྱི་མའི་སྨོན་ལམ་འདེབས། དགོངས་པ་མ་ཚོམ། བུ་མོ་བསྟན་སྒྲོན་ལགས། ང་ཡི་བརྩེ་དུང་འདི་ཡི་ཁྱེད་ལ་ཕོག་ཐུག་བཏང་སོང་། དགོངས་པ་མ་ཚོམ། བུ་མོ་བསྟན་སྒྲོན་ལགས། ང་གཉིས་ལ་སྐྱེ་བ་ཕྱི་མའི་སྨོན་ལམ་འདེབས། ང་གཉིས་ལ་སྐྱེ་བ་ཕྱི་མའི་སྨོན་ལམ་འདེབས། གཞས་ཚིག་མཁོ་འདོན། གྲ་ནང་བསྟན་པ་ཚེ་རིང་།