情人 作词 : 贡嘎朗杰 作曲 : 向巴达吉 བརྩེ་གྲོགས། ཚིག ཀུན་དགའ་རྣམ་རྒྱལ། གདངས། བྱམས་པ་དར་རྒྱས། རོལ་དབྱངས་བསྒྲིགས་བཟོ། བྱམས་པ་དར་རྒྱས། གཞས་པ། སྲི་མཐར་ཚེ་རིང་། ཁ་བ་འབབ་སོང་། བརྩེ་གྲོགས་དྲན་བྱུང་། སྤྲིན་ལ་བསྐུར་བའི་ལྷག་བསམ་དཀར་པོ་དེ། བུ་ཆུང་ང་ལ་བསམ་ཤེས་གནང་དང་། ཁ་བ་འབབ་སོང་། བརྩེ་གྲོགས་དྲན་བྱུང་། རྒྱང་རིང་ཡོད་པའི་གངས་ལྷ་མེ་ཏོག་དེ། བུ་ཆུང་ང་ཡི་ སེམས་ནང་ཡང་ཡང་དྲན། ལོ་མ་ས་ལ་ལྷུང་སོང་། དྲན་སེམས་རླུང་གི་འཁུར་སོང་། ལས་དང་སྐལ་བ་རྫོགས་པའི། བརྩེ་དུང་བར་ཆད་བྱུང་སོང་། ཐག་རིང་བརྩེ་གྲོགས་སེམས་པ། ཤང་ཤང་ཆུ་མོ་སྐུར་འདུག ཆུ་དང་མིག་ཆུ་འདྲེས་པའི། སྐྱོ་བས་ཉ་མོས་ཚོར་སོང་། ཧོ་་་ཡ་ཡིས། ཧོ་་་ཙ་ར་ཙ་ར་ར་ཙ། ཡ་ཡིས་ཡེ་། ང་དང་ཁྱེད་ཀྱི་སེམས་པ་རི་རླུང་གི་ཚོར་འདུག ལས་དང་སྐལ་བ་མ་འཛོམས་བརྩེ་དུང་དེ་ལ་བར་ཆད། ང་དང་ཁྱེད་ཀྱི་བར་ལ་མིག་ཆུ་དང་མིག་ཆུ། རེ་བ་དང་དངོས་ཡོད་པར་ལ་རི་ཀླུང་མང་པོས་བཅད་ཡོད། དེ་སྔོན་གྱི་སྐད་ཆ་མང་པོ་ད་ཆ་སེམས་ནང་གི་འགྱོད་པ། ནམ་མཁའི་བླ་མ་དཀོན་མཆོག་ཐུགས་རྗེ་སྤྱན་གྱི་གཟིགས་དང་། ང་དང་བརྩེ་གྲོགས་བར་ལ་སྐད་ཆ་མང་པོ་ས་བསྡད་ཡོད། ཁ་བ་འབབ་སོང་། བརྩེ་གྲོགས་དྲན་བྱུང་། རྒྱང་རིང་ཡོད་པའི་གངས་ལྷ་མེ་ཏོག་དེ། བུ་ཆུང་ང་ཡི་ སེམས་ནང་ཡང་ཡང་དྲན། ཐག་རིང་བརྩེ་གྲོགས་སེམས་པ། ཤང་ཤང་ཆུ་མོ་སྐུར་འདུག ཆུ་དང་མིག་ཆུ་འདྲེས་པའི། སྐྱོ་བས་ཉ་མོས་ཚོར་སོང་། ཧོ་་་ཡ་ཡིས། ཧོ་་་ཙ་ར་ཙ་ར་ར་ཙ། ཡ་ཡིས་ཡེ་།