向巴的思念 བྱམས་པའི་དྲན་གླུ། ཚིག བཀྲ་ཤིས་ཆོས་རྒྱལ། གདངས། བྱམས་པ་དར་རྒྱས། རོལ་དབྱངས་བསྒྲིགས་བཟོ། བྱམས་པ་དར་རྒྱས། གཞས་པ། བྱམས་པ་དར་རྒྱས། བྱམས་པ་དྲན་པའི་གནས་ལ། ཁུ་བྱུག་གསུང་སྙན་སྒྲོགས་སོང་། སྙན་དབྱངས་རྣ་བས་ཐོས་དུས། བྱམས་པའི་སྙིང་གཏམ་དྲན་བྱུང་། བྱམས་པ་དྲན་བཞིན་དྲན་བཞིན། མཛེས་པའི་མེ་ཏོག་བཞད་སོང་། མེ་ཏོག་མིག་གི་མཐོང་དུས། བྱམས་པའི་འཛུམ་ཞལ་དྲན་བྱུང་། སྦྲང་ཆར་བསིལ་བསིལ་འབབ་པའི་། ས་གཞི་རླན་ལ་སྒྱུར་སོང་། རི་རླུང་བན་བུན་འཁེངས་དུས། བྱམས་པའི་དགའ་སྐྱོ་དྲན་བྱུང་། འོ་་་བྱམས་པའི་དགའ་སྐྱོ་དྲན་བྱུང་། ས་གཞི་གསེར་མདོག་མངོན་པ། འབྲས་ལྡན་གཉིད་ལ་ཉལ་སོང་། བང་མཛོད་འབྲས་བུ་འཁེངས་དུས། འོ་་་བྱམས་པའི་བརྩེ་དུང་དྲན་བྱུང་། བྱམས་པ་དྲན་བཞིན་དྲན་བཞིན། མཛེས་པའི་མེ་ཏོག་བཞད་སོང་། མེ་ཏོག་མིག་གི་འཐོང་དུས། བྱམས་པའི་འཛུམ་ཞལ་དྲན་བྱུང་། རླུང་བུ་བསིལ་བསིལ་ལྡང་བའི། ལྕང་མས་འགུལ་གཡོ་བྱས་སོང་། སྲིལ་གྲིབ་འོག་ལ་འབྱོར་དུས། བྱམས་པའི་གར་སྟབས་དྲན་བྱུང་། འོ་་་བྱམས་པའི་གར་སྟབས་དྲན་བྱུང་། ས་གཞི་གསེར་མདོག་མངོན་པ། འབྲས་ལྡན་གཉིད་ལ་ཉལ་སོང་། བང་མཛོད་འབྲས་བུ་འཁེངས་དུས་། འོ་་་བྱམས་པའི་བརྩེ་དུང་དྲན་བྱུང་། བྱམས་པ་དྲན་པའི་དབྱངས་རྟ། ཤོག་བུའི་སྟེང་ལ་བྲིས་ཡོད། ཕྱོགས་གཉིས་སེམས་པ་མཐུན་རྒྱུ། འོ་་་གསོལ་འདེབས་ལྷ་ལ་ཞུས་ཡོད། འོ་་་གསོལ་འདེབས་ལྷ་ལ་ཞུས་ཡོད།