安多瓦ADW 作词 : སྟོང་སྲས་ཚེ་རྡོ། 作曲 : གདུགས་དཀར་རྒྱལ། ཡ་རེ། ཡ་རེ་ལེན་གོ ཞང་རྒྱ་ལོ་ལོ། ངའི་དེ་རིང་འདིར་ཚོགས་ཁྲོམ་པ་གླུ་ཞིག་ལེན། ཡ་རེ། ཡ་རེ་ལེན་གོ ཞང་རྒྱ་ལོ་ལོོ། ངའི་དེ་རིང་འདིར་ཚོགས་ཁྲོམ་པ་གླུ་ཞིག་ལེན། ཁ་བ་གངས་རི་ལྗོངས་རིའི་སྐོར་བའི་ཞིང་ཁམས་སུ། མདོ་སྨད་རྟ་ཡི་ཆོལ་ཁ་རུ། ཨ་མདོ་གཡང་གི་ཕྱུགས་མོ་གོ་ལའི་ཡངས་རྩེའི། བུ་ཆུང་ང་ཡི་གཉོམ་ལག་རྫོགས་ལྡན་གསར་བའི་འབྲས་བུ་སྨིན་ས། ཨ་མདོ། ཨ་མདོ། རྒན་པ་ཚེ་ཐག་རིང་ཞིང་སྐུ་བསོད་བསོད་ནམས་རྒྱས་སའི། ཨ་མདོ་བ། དར་ལ་ལང་ཚོ་སྨིན་ཞིང་གཟུགས་གཞི་སྟོབས་ཀྱིས་འགྱིངས་ས། ཨ་མདོ་བ། ཨ་མདོ་བ། གཞོན་པ་འདབས་ལག་རྒྱས་ཤིང་ཁ་ལས་རླུང་རྟ་དར་ས། ཨ་མདོ་བ། ཨ་མདོ་བ། ཁ་བ་གངས་རི་ལྗོངས་རིའི་སྐོར་བའི་ཞིང་ཁམས་སུ། མདོ་སྨད་རྟ་ཡི་མཆོད་ཁ་རུ། ཨ་མདོ་གཡང་གི་ཕྱུགས་མོ་གོ་ལའི་ཡངས་རྩེའི། བུ་ཆུང་ང་ཡི་གཉོམ་ལག་རྫོགས་ལྡན་གསར་བའི་འབྲས་བུ་སྨིན་ས། ཡ་རེ། ཡ་རེ་ལེན་གོ ཞང་རྒྱ་ལོ་ལོ། ངའི་དེ་རིང་འདིར་ཚོགས་ཁྲོམ་པ་གླུ་ཞིག་ལེན། ཡ་རེ། ཡ་རེ་ལེན་གོ ཞང་རྒྱ་ལོ་ལོ། ངའི་དེ་རིང་འདིར་ཚོགས་ཁྲོམ་པ་གླུ་ཞིག་ལེན། ཨ་མདོ། ཨ་མདོ། རྒན་པ་ཚེ་ཐག་རིང་ཞིང་སྐུ་བསོད་བསོད་ནམས་རྒྱས་སའི་ཨ་མདོ་བ། དར་ལ་ལང་ཚོ་སྨིན་ཞིང་གཟུགས་གཞི་སྟོབས་ཀྱིས་འགྱིངས་ས་ཨ་ཨ་མདོ་བ། ཨ་མདོ་བ། གཞོན་པ་འདབས་ལག་རྒྱས་ཤིང་ཁ་ལས་རླུང་རྟ་དར་ས་ཨ་མདོ་བ། ཨ་མདོ་བ། ཨ་མདོ་བ།