一样 作词 : ཚིག དགྲ་སྨོན་བསྟན་འཛིན་སྐལ་བཟང་། 扎门·旦增格桑 作曲 : དབྱངས། བཀྲ་ཤིས་ཕུན་ཚོགས། ཏན་ཏན། 扎西平措&旦旦 གེ་ཐར། ཏན་ཏན། རོལ་དབྱངས་སྒྲིག་བཟོ། ཏན་ཏན། སྒྲ་འཇུག་ལྟ་ཞིབ། ཏན་ཏན། སྒྲ་བསྲེས་དང་བཟོ་སྐྲུན། ཀྲའོ་ཅིང་། ཟོར་དབྱིབས་ཟླ་བ། ཉ་གང་ཆགས་ཡ། འཛམ་བུ་གླིང་གི་མུན་པ་ཚང་མ་སེལ་ཡ། རང་གི་བདེན་པ། རང་གིས་གསལ་ཡ། ལས་ཀྱི་འབྲས་བུ་ཆུ་ཡི་རི་མོ་འདྲ་ཡ། འཁོར་བ་ཁབ་ཀྱི་རྩེ་མོ་ལ་བདེ་བ་སྐད་ཅིག་རེད། སྐྱེ་རྒ་ན་འཆིའི་ལས་དེ་ཐར་ཐབས་དཀའ། བདེ་བ་སྡུག་བསྔལ་རྟེན་ཅིང་འབྲེལ་བྱུང་། འདི་ཀུན་རྨོངས་པའི་ཆ་ཡིན། མཐོ་རིས་མངོན་མཐོའི་ཁང་བཟང་བསྐྲུན་ཤོག འཇིག་རྟེན་མི་ཡུལ་བདེ་ལ་འཁོད་ཤོག རྩྭ་རྩི་ཤིང་ཐམས་ཅད་སྲོག་ལྡན་དང་ཁྱད་མེད། དེར་སྲུང་ན་རང་ལ་སྲུང་། ཕུ་མདའ་ཆུ་ཡོད་ཚད་རྒྱ་མཚོ་རུ་འཁྱིལ་བས། དེ་དྭངས་ན་རང་ཡང་དྭངས། ས་རི་མོའི་སྟེང་ལ་བུ་ཕྲུག་ཚང་མ་གནས། དེར་དགའ་ན་རང་ལ་དགའ། ལྷོ་འཛམ་བུའི་གླིང་ལ་གནས་སྐྱེ་འགྲོ་མང་ཡང་། དེར་བརྩེ་ན་རང་ལ་བརྩེ། རྩྭ་རྩི་ཤིང་ཐམས་ཅད་སྲོག་ལྡན་དང་ཁྱད་མེད། དེར་སྲུང་ན་རང་ལ་སྲུང་། ཕུ་མདའ་ཆུ་ཡོད་ཚད་རྒྱ་མཚོ་རུ་འཁྱིལ་བས། དེ་དྭངས་ན་རང་ཡང་དྭངས། ས་རི་མོའི་སྟེང་ལ་བུ་ཕྲུག་ཚང་མ་གནས། དེར་དགའ་ན་རང་ལ་དགའ། ལྷོ་འཛམ་བུའི་གླིང་ལ་གནས་སྐྱེ་འགྲོ་མང་ཡང་། དེར་བརྩེ་ན་རང་ལ་བརྩེ།