心中的女神 作词 : 贡尕达哇 作曲 : 嘉央 སེམས་ཀྱི་བདག་མོ། ~ གངས་དཀར་ལྷ་མོའི་བུ་མོ་ལགས། བུ་ངའི་སེམས་ཀྱི་བདག་མོ་ཡིན། ཆུང་ཆུང་ལུག་གུ་འཚོ་རོགས་ཡིན། མཛེས་པའི་མེ་ཏོག་འཐུ་རོགས་ཡིན། ཁ་མཚར་རྩེ་མོ་བཤད་ཡ་ཡིན། ཆུང་འདྲིས་རྟ་ཕོ་བཞོན་ཡ་ཡིན། ² ~ ཁ་བའི་བུ་མོ་མཛེས་མ་ལགས། བུ་ངའི་སེམས་ཀྱི་བདག་མོ་ཡིན། དགའ་ན་སྙིང་གཏམ་བཤད་ཡ་ཡིན། སྡུག་ན་མིག་ཆུ་གཏོང་ས་ཡིན། ཁྲ་ཆུང་མིག་ཟུང་འཁོར་ས་ཡིན། བརྩེ་བའི་མཛའ་གཞས་ལེན་ཡ་ཡིན། ² བུ་ངའི་སེམས་ཀྱི་མེ་ཏོག་ཡིན། བུ་ངའི་མི་ཚེའི་གཏན་གྲོགས་ཡིན། ཁྲ་ཆུང་མིག་དང་ཁྱད་མེད་ཡིན། དམར་ཆུང་སྲོག་དང་ཁྱད་མེད་ཡིན། ཁྱོད་ནི་བུ་ངའི་བདག་མོ་ཡིན། ཁྱོད་ནི་བུ་ངའི་ལྷ་མོ་ཡིན། ལས་ཀྱི་བསྐོས་པའི་བྱམས་པ་ཡིན། སྐྱེ་བ་འདི་ཡིས་དགའ་རོགས་ཡིན། ~ གངས་དཀར་ལྷ་མོའི་བུ་མོ་ལགས། བུ་ངའི་སེམས་ཀྱི་བདག་མོ་ཡིན། ཆུང་ཆུང་ལུག་གུ་འཚོ་རོགས་ཡིན། མཛེས་པའི་མེ་ཏོག་འཐུ་རོགས་ཡིན། ཁ་མཚར་རྩེ་མོ་བཤད་ཡ་ཡིན། ཆུང་འདྲིས་རྟ་ཕོ་བཞོན་ཡ་ཡིན། ² ~ ཁ་བའི་བུ་མོ་མཛེས་མ་ལགས། བུ་ངའི་སེམས་ཀྱི་བདག་མོ་ཡིན། དགའ་ན་སྙིང་གཏམ་བཤད་ཡ་ཡིན། སྡུག་ན་མིག་ཆུ་གཏོང་ས་ཡིན། ཁྲ་ཆུང་མིག་ཟུང་འཁོར་ས་ཡིན། བརྩེ་བའི་མཛའ་གཞས་ལེན་ཡ་ཡིན། ² བུ་ངའི་སེམས་ཀྱི་མེ་ཏོག་ཡིན། བུ་ངའི་མི་ཚེའི་གཏན་གྲོགས་ཡིན། ཁྲ་ཆུང་མིག་དང་ཁྱད་མེད་ཡིན། དམར་ཆུང་སྲོག་དང་ཁྱད་མེད་ཡིན། ཁྱོད་ནི་བུ་ངའི་བདག་མོ་ཡིན། ཁྱོད་ནི་བུ་ངའི་ལྷ་མོ་ཡིན། ལས་ཀྱི་བསྐོས་པའི་བྱམས་པ་ཡིན། སྐྱེ་བ་འདི་ཡིས~ བུ་ངའི་སེམས་ཀྱི་མེ་ཏོག་ཡིན། བུ་ངའི་མི་ཚེའི་གཏན་གྲོགས་ཡིན། ཁྲ་ཆུང་མིག་དང་ཁྱད་མེད་ཡིན། དམར་ཆུང་སྲོག་དང་ཁྱད་མེད་ཡིན། ཁྱོད་ནི་བུ་ངའི་བདག་མོ་ཡིན། ཁྱོད་ནི་བུ་ངའི་ལྷ་མོ་ཡིན། ལས་ཀྱི་བསྐོས་པའི་བྱམས་པ་ཡིན། སྐྱེ་བ་འདི་ཡིས་དགའ་རོགས་ཡིན། ² ~