阿若耶 作词 : 南拉太 作曲 : 南拉太 作词 : 南拉太 作曲 : 南拉太 女: ཨ་རོ་ཡེ་་་ ངས་མདང་གསུམ་རྨི་ལམ་ཐེངས་གསུམ་རྨིས།། དུང་ཟླ་བ་དགུང་ནས་ཚེས་པ་རྨིས།། འཛུམ་སོ་དཀར་འོད་དུ་འཚེར་བ་རྨིས།། ཨ་རོ་ཡེ། ཨ་རོ་ཡེ། མིག་ཁྲ་ཆུང་བརྩེ་བས་མོས་པ་རྨིས།། ཨ་རོ་ཡེ། ཨ་རོ་ཡེ། སད་མི་འདོད་གཉིད་སྐྱིད་པ་ལ།། ནམ་ཐོ་རེངས་བྱ་ཕོ་མ་གྲགས་རོགས།། 男: ཨ་རོ་ཡེ་་་ ངས་མདང་གསུམ་རྨི་ལམ་ཐེངས་གསུམ་རྨིས།། རྟ་ར་ར་བང་ཁ་འགྲན་པ་རྨིས།། ཆུང་བྱམས་པ་པང་ནས་རྒྱུགས་པ་རྨིས།། ཨ་རོ་ཡེ། ཨ་རོ་ཡེ། ན་མེ་ལོང་ཐང་ནས་རྩེད་པ་རྨིས།། ཨ་རོ་ཡེ། ཨ་རོ་ཡེ། སད་མི་འདོད་གཉིད་འདི་སྐྱིད་པ་ལ།། ནམ་ཐོ་རེངས་བྱ་ཕོ་མ་གྲགས་རོགས།། 合: ཨ་རོ་ཡེ་་་ ངས་མདང་གསུམ་རྨི་ལམ་ཐེངས་གསུམ་རྨིས།། 女: ཆུ་གཙང་བོའི་འགྲམ་དུ་སྒུག་པ་རྨིས།། ཆུང་བྱམས་པ་ཚུར་ལ་ཐོན་པ་རྨིས།། 男: ཨ་རོ་ཡེ། 女: ཨ་རོ་ཡེ། 合: སྐྱིད་དགའ་སྤྲོའི་སྐེ་ལ་འཁྱུད་པ་རྨིས།། ཨ་རོ་ཡེ། ཨ་རོ་ཡེ། 男: སད་མི་འདོད་གཉིད་འདི་སྐྱིད་པ་ལ།། 女: ནམ་ཐོ་རེངས་བྱ་ཕོ་མ་གྲགས་རོགས།། 男: ཨ་རོ་ཡེ། 女: ཨ་རོ་ཡེ། 合: སད་མི་འདོད་གཉིད་འདི་སྐྱིད་པ་ལ།། ནམ་ཐོ་རེངས་བྱ་ཕོ་མ་གྲགས་རོགས།། ནམ་ཐོ་རེངས་བྱ་ཕོ་མ་གྲགས་རོགས།།