阿克卓巴 作词 : བེ་རི་ཚུལ་ཁྲིམས། 作曲 : ཨ་ཏི་འཆི་མེད་ཚེ་རིང་། ཨ་ཁུ་འབྲོག་པ། གཞས་མ། མཚོ་ཆེན། ~ ཞིང་ཁ་གྲུ་བཞིའི་ནང་ལ།། འབྲུ་སྲན་སྣ་ལྔ་བཏང་བཏབ་ཡོད།། ལོ་ཡག་སྙེ་མ་འཁྲུངས་བྱུང་།། ཞིང་པ་ཨ་ཕོ་སྐྱིད་སོང་།། ལོ་ཡག་སྙེ་མ་འཁྲུངས་བྱུང་།། ×3 ~ ལྷས་ར་གྲུ་བཞིའི་ནང་ལ།། འབྲི་མོ་རྡང་ལ་བཏགས་ཡོད།། གསེར་ཟོ་འོ་མས་གང་བྱུང་།། ཨ་ཁུ་འབྲོག་པ་སྐྱིད་སོང་།། གསེར་ཟོ་འོ་མས་གང་བྱུང་།། ×3 ~ རྒྱ་གྲོང་ཁྲ་མོའི་ནང་ལ།། ཁྱིམ་གཞིས་ཆུང་ཆུང་བཟུང་ཡོད།། བརྩེ་དུངས་རྩ་བ་ཚུགས་སོང་།། ལོ་ཆུང་སེམས་པ་དགའ་སོང་།། བརྩེ་དུངས་རྩ་བ་ཚུགས་སོང་།། ×4 ~