我的恋人 作词 : དུག་ཚེར། 作曲 : ནོར་བཟང་། ང་ཡི་ཆུང་འདྲིས། ཚིག དུག་ཚེར། དབྱངས། ནོར་བཟང་། གཞས་མ། ཚེ་རིང་དབང་མོ། དགའ་རབས་དུང་རབས་བཤད་ནས།། ཁ་པར་ཉིན་གཏོང་མཚན་གཏོང་།། བློ་གཏད་ཡིད་ཆེས་བྱས་ནས།། ཁ་པར་ཕར་ལ་བཏང་ཚེ།། བར་ཆད་མ་བྱེད་གསུངས་བྱུང་།། ཨ་་་ལ་ལ་ལ་་་་ང་ཡི་ཆུང་འདྲིས་མི་རེད།། མི་དེའི་བརྩེ་བ་འཇའ་རེད།། བརྩེ་བ་དུང་བ་གླེང་ནས།། སེམས་པ་དབང་མེད་བཀུག་སོང་།། ལྷད་མེད་བརྩེ་བར་བརླམས་ནས།། མི་ཚེ་མཉམ་འགྲོག་ཞུས་ན།། དགོངས་དག་མི་དགོས་གསུངས་བྱུང་།། ཨ་ལ་ལ་ལ་་་་ང་ཡི་ཆུང་འདྲིས་མི་རེད།། མི་དེའི་སེམས་པ་ལྕགས་རེད།། ཁ་ངོ་ང་ལ་འཁོར་ནས།། འཇིག་རྟེན་འདི་ཡི་སྟེང་ན།། ཁྱོད་ལས་དགའ་མེད་ཟེར་རུང་།། སེམས་པ་གཞན་ལ་ཤོར་ནས།། ང་རང་རྩེད་ཆས་བྱེད་པའི།། ཨ་་ལ་ལ་ལ་་་ང་ཡི་ཆུང་འདྲིས་མི་རེད།། མི་དེའི་དམ་བཅའ་རླུང་རེད།།