在路上 作词 : 桑都 作曲 : 尕太加 ལམ་གྱི་མི། ཚིག གསང་འདུས། དབྱངས་དང་རོལ་མོ་སྒྲིག་བཟོ། དཀའ་ཐུབ་རྒྱལ ལེན་མཁན། ཀུན་དགའ། དབྱངས་གསལ་སྲོག་ལ་བརྒྱུས་པའི་ལོ་ཟླ་ཞིག ལོ་དང་ཟླ་ལ་བསྙལ་བའི་ཕུགས་འདུན་ཞིག གཞོན་པའི་སེམས་ན་སྐྱོམ་པའི་མཚོ་མོ། མཚོ་མོའི་རླབས་དང་འདྲེས་པའི་སྣང་བ། ལངས་ཞོར། འགྱེལ་ཞོར། ནུབ་ཁའི་འོད་དང་སྣོལ་བའི་ལམ་བུ་ཞིག ལམ་ན་འདུར་ཞིང་རྒྱུག་པའི་རྒྱབ་གཟུགས་ཤིག རེ་བའི་ལ་མོ་བརྒལ་བའི་མདུན་ལྗོངས། ཆུང་འདྲིས་བྱམས་པ་འི་འཛུམ་ཀོང་འདྲ་བ། ལྟོས་དང་། སོམས་དང་། ཡ་་་་ལམ་གྱི་མི། ལམ་ན་བསྐྱོད་པའི་མི། རི་ཆུ་སྟོང་ཕྲག་བརྒལ། རྔུལ་གྱིས་བྲན་པའི་སེམས། ཡ་་་་ལམ་གྱི་མི། ལམ་ན་བསྐྱོད་པའི་མི། བློ་སྤོབས་གནམ་ལས་མཐོ། རླུང་གིས་སྤུར་བའི་སེམས། དབྱངས་གསལ་སྲོག་ལ་བརྒྱུས་པའི་ལོ་ཟླ་ཞིག ལོ་དང་ཟླ་ལ་བསྙལ་བའི་ཕུགས་འདུན་ཞིག གཞོན་པའི་སེམས་ན་སྐྱོམ་པའི་མཚོ་མོ། མཚོ་མོའི་རླབས་དང་འདྲེས་པའི་སྣང་བ། ལངས་ཞོར། འགྱེལ་ཞོར། ནུབ་ཁའི་འོད་དང་སྣོལ་བའི་ལམ་བུ་ཞིག ལམ་ན་འདུར་ཞིང་རྒྱུག་པའི་རྒྱབ་གཟུགས་ཤིག རེ་བའི་ལ་མོ་བརྒལ་བའི་མདུན་ལྗོངས། ཆུང་འདྲིས་བྱམས་པ་འི་འཛུམ་ཀོང་འདྲ་བ། ལྟོས་དང་། སོམས་དང་། ནུབ་ཁའི་འོད་དང་སྣོལ་བའི་ལམ་བུ་ཞིག ལམ་ན་འདུར་ཞིང་རྒྱུག་པའི་རྒྱབ་གཟུགས་ཤིག རེ་བའི་ལ་མོ་བརྒལ་བའི་མདུན་ལྗོངས། ཆུང་འདྲིས་བྱམས་པ་འི་འཛུམ་ཀོང་འདྲ་བ། ལྟོས་དང་། སོམས་དང་། ཡ་་་་ལམ་གྱི་མི། ལམ་ན་བསྐྱོད་པའི་མི། རི་ཆུ་སྟོང་ཕྲག་བརྒལ། རྔུལ་གྱིས་བྲན་པའི་སེམས། ཡ་་་་ལམ་གྱི་མི། ལམ་ན་བསྐྱོད་པའི་མི། བློ་སྤོབས་གནམ་ལས་མཐོ། རླུང་གིས་སྤུར་བའི་སེམས། དབྱངས་གསལ་སྲོག་ལ་བརྒྱུས་པའི་ལོ་ཟླ་ཞིག ལོ་དང་ཟླ་ལ་བསྙལ་བའི་ཕུགས་འདུན་ཞིག གཞོན་པའི་སེམས་ན་སྐྱོམ་པའི་མཚོ་མོ། མཚོ་མོའི་རླབས་དང་འདྲེས་པའི་སྣང་བ། ལངས་ཞོར། འགྱེལ་ཞོར། ནུབ་ཁའི་འོད་དང་སྣོལ་བའི་ལམ་བུ་ཞིག ལམ་ན་འདུར་ཞིང་རྒྱུག་པའི་རྒྱབ་གཟུགས་ཤིག རེ་བའི་ལ་མོ་བརྒལ་བའི་མདུན་ལྗོངས། ཆུང་འདྲིས་བྱམས་པ་འི་འཛུམ་ཀོང་འདྲ་བ། ལྟོས་དང་། སོམས་དང་། ཡ་་་་ལམ་གྱི་མི། ལམ་ན་བསྐྱོད་པའི་མི། རི་ཆུ་སྟོང་ཕྲག་བརྒལ། རྔུལ་གྱིས་བྲན་པའི་སེམས། ཡ་་་་ལམ་གྱི་མི། ལམ་ན་བསྐྱོད་པའི་མི། བློ་སྤོབས་གནམ་ལས་མཐོ། རླུང་གིས་སྤུར་བའི་སེམས། གླུ་ཚིག་སྒྲིག་མཁན་།རེ་འབོད།