爱恋 作词 : ནག་ལྡོང་འཁྱམ་པོ 作曲 : དཀའ་ཐུབ་རྒྱལ ཆུང་འདྲེས་བྱམས་པ། ཚིག། ནག་ལྡོང་འཁྱམ་པོ ། དབྱངས། དཀའ་ཐུབ་རྒྱལ ། གཞས་མ། ཕུན་ཚོགས་སྒྲོལ་མ ། ~ ནམ་མཁའི་སྤྲིན་པ་དཀར་པོ།། རྒྱང་རིང་ཕྱོགས་སུ་བཞུད་དུས།། སྙིང་གི་བྱམས་པ་དྲན་ནས།། སེམས་ཀྱི་འཕྲིན་ཞིག་བསྐུར་ཡོད།། མེ་ཏོག་དུས་སུ་མ་མཇལ།། ཟླ་བའི་འོད་ལ་མ་ཕྱོགས།། དུངས་སེམས་འོ་ཆུ་འདྲེས་པའི།། བྱམས་པའི་ཞལ་རས་དྲན་ཡོང་།། དཔྱིད་ཀྱི་དཔལ་ཡོན་ཤར་དུས།། ཁུ་ལོ་མགྲོན་དུ་ཕེབས་བྱུང་།། ངག་གི་སྙན་དབྱངས་སྒྲོག་ནོ།། བྱམས་པ་དྲན་པའི་གཞི་རེད།། དྲན་པ་རུམ་བཅུག་ནས།། སྐྱོ་བ་གླུ་རུ་བླངས་ཡོད།། བྱམས་པར་སེམས་ཤིག་ཡོད་ན།། ཕྱིར་མིག་ཕྱིར་ལ་གཟིགས་རོགས།། ~(ahoooh)~ ནམ་མཁའི་སྤྲིན་པ་དཀར་པོ།། རྒྱང་རིང་ཕྱོགས་སུ་བཞུད་དུས།། སྙིང་གི་བྱམས་པ་དྲན་ནས།། སེམས་ཀྱི་འཕྲིན་ཞིག་བསྐུར་ཡོད།། མེ་ཏོག་དུས་སུ་མ་མཇལ།། ཟླ་བའི་འོད་ལ་མ་ཕྱོགས།། དུངས་སེམས་འོ་ཆུ་འདྲེས་པའི།། བྱམས་པའི་ཞལ་རས་དྲན་ཡོང་།། དཔྱིད་ཀྱི་དཔལ་ཡོན་ཤར་དུས།། ཁུ་ལོ་མགྲོན་དུ་ཕེབས་བྱུང་།། ངག་གི་སྙན་དབྱངས་སྒྲོག་ནོ།། བྱམས་པ་དྲན་པའི་གཞི་རེད།། དྲན་པ་རུམ་བཅུག་ནས།། སྐྱོ་བ་གླུ་རུ་བླངས་ཡོད།། བྱམས་པར་སེམས་ཤིག་ཡོད་ན།། ཕྱིར་མིག་ཕྱིར་ལ་གཟིགས་རོགས།། དྲན་པ་རུམ་བཅུག་ནས།། སྐྱོ་བ་གླུ་རུ་བླངས་ཡོད།། བྱམས་པར་སེམས་ཤིག་ཡོད་ན།། ཕྱིར་མིག་ཕྱིར་ལ་གཟིགས་རོགས།། ~