阿爸 作词 : 智旺桑珠 作曲 : 智旺桑珠 ཨ་ཕ་ལགས། ཚིག་དབྱངས:གྲུ་བ་བསམ་འགྲུབ། ལེན་མཁན:རྒྱས་བཟང༜ཕུན་ཚོགས་དར་རྒྱས། ࿄࿄࿄ མཐོ་སྒང་གི་རི་ལུང་དེ་ནས། ཁྱེད་རང་སྐྱེས་ལ་ཁྱེད་རང་གཞོན། ཁྱེད་ལ་གངས་རི་་དཀར་པོ་སེམས་པ་ཡོད། ཁྱེད་ནི་རྨ་འབྲི་རྫ་གསུམ་གདུང་རྒྱུད་ཡིན། ཁྱོད་ལ་འབྲོང་གཡག་དར་མའི་གཟི་བརྗིད་ཡོད། ཨ་ཕ་ཡ། ཨ་ཕ་ཡ། ཨ་ཕ་ལགས། བུ་མོ་སེམས་ཁོང་གི་ཟླ་བ། བུ་ཕྲུག་གིས་ཁྱེད་ལ་སྙིང་གཏམ་དེ་གླུ་རུ་ལོངས་ཡོང། བུ་མོ་་ནམ་ཡང་སྨོན་ས་ཡིན་ནོ། ࿄࿄࿄ སྦྲ་ནག་གི་གཞིས་ཁྱིམ་དེ་ནས། ཁྱེད་རང་སྐྱེས་ལ་ཁྱེད་རང་རྒས། ཁྱེད་ནི་ཨ་ཆེན་གངས་རྒྱབ་བུ་རྒྱུད་ཡིན། ཁྱེད་ལ་ཕ་བཟང་གསེར་གྱི་རུས་པ་ཡོད། ཁྱེད་ལ་མ་བཟང་དུང་གི་བརྩེ་བ་ཡོད། ཨ་ཕ་ཡ། ཨ་ཕ་ཡ། ཨ་ཕ་ལགས། བུ་མོ་སེམས་ཁོང་གི་ཟླ་བ། བུ་ཕྲུག་གིས་ཁྱེད་ལ་སྙིང་གཏམ་དེ་སྐད་ཆ་བཤད་ཡོང། ཁྱེད་ནི་ང་ཡིས་ཚེ་སྲོག་ཡིན་ནོ། མཐའ་མེད་པའི་རྩ་ཐང་དེ་ནས། ཁྱེད་རང་སྐྱེས་ལ་ཁྱེད་རང་འདས། ཁྱེད་ལ་ལྷ་དང་འདྲ་བའི་བྱམས་སེམས་ཡོད། ཁྱེད་ནི་ས་ག་ཟླ་བ་འོད་མདང་བཞིན། ནམ་ཡོང་བུ་ལ་བྱིན་རླབས་གནང་རོག་ཞུ། ཨ་ཕ་ཡ། ཨ་ཕ་ཡ། ཨ་ཕ་ལགས། བུ་མོ་སེམས་ཁོང་གི་འོད་གཟེར། བུ་ཕྲུག་གིས་ཁྱེད་ལ་སྙིང་གཏམ་དེ་སྐྱོ་གླུ་ལེན། ཁྱེད་ནམ་ཡང་བུ་ལ་སྐྱབས་མཇུག་གནང་རོགས། ཨ་ཕ་ཡ། ཨ་ཕ་ཡ། ཨ་ཕ་ལགས། བུ་མོ་སེམས་ཁོང་གི་འོད་གཟེར། བུ་ཕྲུག་གིས་ཁྱེད་ལ་སྙིང་གཏམ་དེ་སྐྱོ་གླུ་ལེན། ཁྱེད་ནམ་ཡང་བུ་ལ་སྐྱབས་མཇུག་གནང་རོགས། RengTsing文化传媒