不要问我 作词 : 岗华 作曲 : 才让东珠 ང་ལ་མ་འདྲི། ཚིག གངས་དཔལ། དབྱངས། ཚེ་རིང་དོན་འགྲུབ། ལེན་མཁན། པདྨ་མཚོ། ཁྱོད་རྒྱང་རིང་ཞིག་ནས་བྱོན་པ་འདྲ།། ངས་རྒྱུན་རིང་ཞིག་ལ་བསྒུག་པ་འདྲ།། སེམས་བསམ་པ་ལོ་དགུའི་སྨུག་པ་འདྲ།། དྲན་མ་དྲན་ཁུ་བྱུག་ངག་ན་ཡོད།། དྲན་མ་དྲན་ཁུ་བྱུག་ངག་ན་ཡོད།། ༜༜༜ ཁྱོད་རྒྱང་རིང་ཞིག་ནས་ངུས་པ་འདྲ།། ངས་ཐག་ཉེ་ཞིག་ནས་ཚོར་བ་འདྲ།། ཞེ་སྣང་བ་བཙོན་གྱི་རྣམ་ཤེས་འདྲ།། བསྒོམ་མ་བསྒོམ་འདུ་བྱེད་མཚམས་ན་ཡོད།། བསྒོམ་མ་བསྒོམ་འདུ་བྱེད་མཚམས་ན་ཡོད།། བསྒོམ་མ་བསྒོམ་འདུ་བྱེད་མཚམས་ན་ཡོད།།