迎接新年 作词 : 扎西拉桑 作曲 : 娘措 尕松索昂 迎接新年-东求朋措 词:扎西拉桑 曲:娘措/尕松索昂 编曲:金强 录音:旦周传媒 ངག་གླུ་ཆུང་བླངས་ནས་ལོ་གསར་བསུ། ཟས་དཀར་གསུམ་མངར་གསུམ་སྡེར་ཁ་བཤམས། ཁ་ཇ་ཆང་གཉིས་ཀྱི་སྐྱེམས་ཤིག་ཕུལ། ནང་ཕུ་ནུ་འཛོམས་པའི་དུས་བཟང་ལ། གླུ་ཞིག་ལེན་་་་་་་། ལོ་གསར་བསུ་་་་་་་། དྲིན་ཆེ་བའི་ཕ་ལོ་མ་ལོ་གཉིས། སྐུ་བདེ་ཐང་ཡོང་བའི་གླུ་ཞིག་ལེན། བཀྲ་ཤིས་པའི་གླུ་ཡི་ལོ་གསར་བསུ། ཕྱོགས་ཀུན་ནས་ཕེབས་པའི་མགྲོན་པོ་རྣམས། ལག་ཁ་བཏགས་དཀར་པོས་འཚམས་འདྲི་ཞུ། ཡུལ་ཀུན་ན་གནས་པའི་བོད་རིགས་ཚོ། བཀྲ་ཤིས་ཤོག་་་་་་་་།ལོ་གསར་བསུ་་་་་་་། སྙིང་བརྩེ་བའི་སྤུན་ཟླ་མིང་སྲིང་རྣམས། ཟས་དཀར་གསུམ་མངར་གསུམ་སྡེར་ཁ་བཤམས། ཁ་ཇ་ཆང་གཉིས་ཀྱི་སྐྱེམས་ཤིག་ཕུལ། ནང་ཕུ་ནུ་འཛོམས་པའི་དུས་བཟང་ལ། གླུ་ཞིག་ལེན་་་་་་་། ལོ་གསར་བསུ་་་་་་་། དྲིན་ཆེ་བའི་ཕ་ལོ་མ་ལོ་གཉིས། སྐུ་བདེ་ཐང་ཡོང་བའི་གླུ་ཞིག་ལེན། བཀྲ་ཤིས་པའི་གླུ་ཡི་ལོ་གསར་བསུ། ཕྱོགས་ཀུན་ནས་ཕེབས་པའི་མགྲོན་པོ་རྣམས།