JOJO 作词 : 西藏病人 作曲 : 西藏病人 ང་ཡི་མིང་ལ་སྐྱོ་སྐྱོ་ཟེར། ། ཆིག་སྟོང་དགུ་བརྒྱ་གོ་དགུ་ལོར། ། སྐྱབས་ཆེན་ཞེས་པའི་སྒྲུང་མཁན་དེས།། ང་རང་མི་ཡི་གཟུགས་སུ་བསྒྱུར།། བྱ་བཏང་པས་ཀྱང་མ་བཏང་བའི། ། འདོད་པ་ངག་གི་ལྷ་མོ་ཡིས།། བདག་གི་མགྲིན་པའི་རྒྱ་ཁབ་ལས།། ཉམས་འགྱུར་སྟོབས་ཀྱི་གླང་སྨྱོན་བཏོན།། རྩལ་གྱིས་རྫོགས་པའི་བྱ་རྒོད་སྟོང་།། བདག་གི་དཔྲལ་བའི་མིག་ལ་འཛུལ།། འཕུར་ལམ་བྱེ་བ་ཕྲག་བརྒྱ་ཡི།། ལྟད་མོ་མཐའ་དག་ང་ཡིས་མཐོང་།། སྐྱོ་སྐྱོ་ང་ལ་གཉིད་མེད་པས།། JoJo མི་ཡུལ་སྔུར་བས་ཁྱབ་པ་ཐོས།། སྐྱོ་སྐྱོ་ང་ལ་སེམས་མེད་པས། ། JoJo ཁྱོད་རང་ཡང་ནས་ཡང་དུ་བརྗེད།། སྐྱོ་སྐྱོ་སྐྱོ་བའི་ནམ་མཁའ་ལ།། འཛུམ་པའི་སྐར་ཕྲན་གཅིག་ལས་མེད།། སྐྱོ་སྐྱོ་སྐྱོ་བའི་ཁྲོམ་སྲང་ལ། ། གློག་སྡོང་གཅིག་གི་འོད་ལས་མེད།། གཞན་ལ་སྐྱོ་སྐྱོ་ཞེས་མ་འབོད།། དོན་དུ་སྐྱོ་སྐྱོ་ང་རང་ཡིན། ། ཆོས་ཉིད་གཅེར་བུའི་བཞིན་མཐོང་སྟེ། ། ཚེ་གཅིག་སྐྱོ་བ་ང་ལས་མེད།། ཚེ་གཅིག་སྐྱོ་བ་ང་ལས་མེད།།