登德多杰 作词 : 西藏病人 作曲 : 西藏病人 བདུད་འདུལ་རྡོ་རྗེ། རྟ་ཕོ་གསེག་བཞོན་གྱིས་རྒྱང་ལམ་འགྲིམ་པའི་དུས་ཚོད་ཡལ་ཟིན གྲོང་ཁྱེར་གྱི་འུར་ཟིང་ཁྲོད་གོམ་པ་འཁྱོར་བཞིན ལྗན་ལྗིན་གྱི་མི་ཚོགས་ལས་བཟི་སྣང་བཙལ རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ཁྱོད་ཀྱིས་རྩྭ་ཐང་ལ་སྐྱོ་གླུ་བླངས ཁྱོད་ཀྱི་མིང་ལ་བདུད་འདུལ་རྡོ་རྗེ་ཟེར རྩྭ་ཐང་ལ་གློ་བུར་དུ་རླུང་ལྡང གློ་བུར་དུ་ཆར་འབབ གློ་བུར་དུ་ངས་ཁྱོད་རང་ཡོད་ནའང་འཚོ་བ་ཇེ་སྐྱིད་དུ་འགྲོ་ཐབས་མེད་པ་ཚོར འཇིག་རྟེན་མཚམས་ལན་རེར་འགྱུར་ན་ཡག མཚམས་ལན་རེར་རྟག་ན་ཡག མཚམས་ལན་རེར་ངས་ང་རང་སྐྱིད་ནའང་འཇིག་རྟེན་ཇེ་ཡག་ཏུ་འགྲོ་ཐབས་མེད་པ་ཚོར ལས་དབང་གི་རྒྱུད་སྐུད་ཇི་ལྟར་མཉེན་ཡང མི་ཚེའི་སྙིང་བོ་བདུང་ཐབས་མེད ནང་སེམས་ཀྱི་རྟེན་གཞི་བོར་བའི་དུས་ཚིགས་འདི་ལ མི་ཚོས་ཁེ་གྲགས་ཁོ་ན་སྲོག་བཞིན་གཅེས རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ཁྱོད་རང་རྩྭ་ཐང་དང་རེ་ཞིག་བྲལ ཁྱོད་ཀྱི་མིང་ལ་བདུད་འདུལ་རྡོ་རྗེ་ཟེར རྩྭ་ཐང་ལ་གློ་བུར་དུ་རླུང་ལྡང གློ་བུར་དུ་ཆར་འབབ གློ་བུར་དུ་ངས་ཁྱོད་རང་ཡོད་ནའང་འཚོ་བ་ཇེ་སྐྱིད་དུ་འགྲོ་ཐབས་མེད་པ་ཚོར འཇིག་རྟེན་མཚམས་ལན་རེར་འགྱུར་ན་ཡག མཚམས་ལན་རེར་རྟག་ན་ཡག མཚམས་ལན་རེར་ངས་ང་རང་སྐྱིད་ནའང་འཇིག་རྟེན་ཇེ་ཡག་ཏུ་འགྲོ་ཐབས་མེད་པ་ཚོར