哑巴在嘶吼 作词 : 西藏病人 作曲 : 西藏病人 ཁ་བ་སོར་བཞི་བབས རླུང་བུ་ལྷོ་ནས་ལྡང ཕོ་རོག་གིས་སྟོང་སྐད་སྐྱུག མི་རྣམས་གཞི་ནས་གཉིད་ལས་སད་དུས དུས་ཚོད་ལ་བཙའ་ཆགས་འདུག ཡེ་ཡེ་ཡེ་ཡེ ཁ་བ་སོར་བཞི་བབས རླུང་བུ་ལྷོ་ནས་ལྡང ཕོ་རོག་གིས་སྟོང་སྐད་སྐྱུག མི་རྣམས་གཞི་ནས་གཉིད་ལས་སད་དུས དུས་ཚོད་ལ་བཙའ་ཆགས་འདུག ང་ཡིས་ཁྱོད་ཀྱི་པང་ནས་རི་དྭགས་ཤིག་བསད་མོད ངའང་ཁྱོད་ཀྱི་པང་ནས་རི་དྭགས་བཞིན་འཆི་སྲིད ང་ལ་ཁྲོས་མི་ཐུས་པའི་ང་རྒྱལ་ལས་མེད་དེ ང་ལ་སྨྲ་མི་ཐུབ་པའི་ཁ་ལྕེ་ལས་མེད མཚན་ལམ་འཁྱགས ཟླ་འོད་བརླན་ཞིང་གཤེར ང་ནི་མཚོན་ཆ་མེད་པའི་སྐྱ་མྱི་དང གེ་ཐར་བོར་བའི་གཞས་པ་ཡིན མགྲོན་པོ་ཆང་གིས་བཟི ཐབ་མྱེ་སྔར་བཞིན་འབར བུ་མོ་ཞིག་ལྐོག་ཏུ་ངུ གྲམ་པ་སྟོང་བར་ལུས་པའི་རྡོ་བ་བཞིན འཇིག་རྟེན་ལྷིང་ཞིང་འཇགས ང་ཡིས་ཁྱོད་ཀྱི་པང་ནས་རི་དྭགས་ཤིག་བསད་མོད ངའང་ཁྱོད་ཀྱི་པང་ནས་རི་དྭགས་བཞིན་འཆི་སྲིད ང་ལ་ཁྲོས་མི་ཐུས་པའི་ང་རྒྱལ་ལས་མེད་དེ ང་ལ་སྨྲ་མི་ཐུབ་པའི་ཁ་ལྕེ་ལས་མེད