牧人Blues 作词 : 西藏病人 作曲 : 西藏病人 འབྲོག་པའི་བྷི་ལོས་སི། བོད་ཀྱི་ནད་པ། གཙང་ཕུན་དབང་གིས་གཞས་ཚིག་སྒྲིག་བཟོ་བྱས་ཏེ་ཡར་སྤྲད། ཁྱོད་རང་ང་ཡི་ལག་མགོར་འབྱར་བའི་ཚེ། མཐུན་པའི་གྲོགས་ཀྱང་སྡང་བའི་དགྲ་རུ་འགྱུར། ང་དཔའ་ང་ཕྱུག་ང་ཡག་ང་ལ་ཆེ་ཞེས། རང་ཉིད་འུད་ཀྱིས་སྒྲོག་པར་ངོ་མི་ཚ། ཁྱོད་རང་ང་ཡི་སྐེ་ལ་འཐམ་པའི་ཚེ། ཟླ་བའང་ནུབ་ཀྱི་རི་ལས་ཡར་འཕགས་ཏེ། ཆགས་པ་མ་གནོན་ལྐོག་ནས་ལྟ་བ་ལ། སྐྱོ་རྒྱུ་འཕྱ་རྒྱུ་སྙིང་རྗེའང་ཙམ་ཡང་སྐྱེ། ང་རང་ཁྱོད་ཀྱི་ཐོག་ལ་བུད་པ་ན། ས་ཆེན་འདི་ཡང་འདར་བའི་ཚུལ་གྱིས་ནི། ང་རང་སྟེང་ནས་འཕེན་པའི་སྟ་གོན་བྱེད། རོགས་ཟིག་བཙལ་རུང་བར་ཆད་ཏག་ཏག་རེད། ༼ཡ་ད་ཁྱོས་ལོངས། ས་ཁུ།༽ ༼ཧི་ཧུ་ཧི་ཧུ། ཅི་ཟིག་ལས་རུང་བར་ཆད་ཏག་ཏག་རེད།༽ ༼བོ།༽