空房间 作词 : 西藏病人 作曲 : 西藏病人 ཁང་སྟོང་། ཉི་འོད་འོག་ཏུ མཆོང་ཞིང་བརྒྱུགས་པའི ཁ་སང་གི་བྱིས་པ་དེས རྒྱུ་སྐར་ཁྱུ་གཅིག་བྱེ་མར་བཏགས་ཤིང རྡུལ་ཚོན་གྱིས་སང་ཉིན་བྲིས ཁོས་དྲི་བ་ཡོད་ཚད་གཞན་ལ་དྲིས་ཀྱང འོན་ལྐུགས་ཀྱི་འཇིག་རྟེན་ལ་སྨྲ་བ་མེད ཁོས་མེ་ཏོག་གསེང་དུ་དུག་སྦྲུལ་གསོས་ཏེ དགྲ་ཤ་ལེན་པའི་ལྐོག་ཇུས་བཤམས ཟླ་བ་མར་ངོ ཡར་ལ་ཚེས་ཤིང དེ་རིང་གི་གཞོན་པ་དེས སྨུག་པ་འཐིབས་པའི་གྲོང་ཁྱེར་ཞིག་ནས གྱེས་བྲལ་དག་འཛུམ་གྱིས་བསུ ཁོས་གཟབ་འཆོར་སྤྲས་པའི་བུད་མེད་དག་ལ འཇམ་མཉེན་གྱི་བརྐྱངས་ཕྱག་མང་དུ་འཚལ ཁོས་ལྡེ་མིག་བོར་བའི་ཁང་སྟོང་ཞིག་ལ མེ་ཁ་གསོ་ཞིང་གད་བདར་བྱེད ཁོས་དྲི་བ་ཡོད་ཚད་གཞན་ལ་དྲིས་ཀྱང འོན་ལྐུགས་ཀྱི་འཇིག་རྟེན་ལ་སྨྲ་བ་མེད ཁོས་མེ་ཏོག་གསེང་དུ་དུག་སྦྲུལ་གསོས་ཏེ དགྲ་ཤ་ལེན་པའི་ལྐོག་ཇུས་བཤམས ཁོས་གཟབ་འཆོར་སྤྲས་པའི་བུད་མེད་དག་ལ འཇམ་མཉེན་གྱི་བརྐྱངས་ཕྱག་མང་དུ་འཚལ ཁོས་ལྡེ་མིག་བོར་བའི་ཁང་སྟོང་ཞིག་ལ མེ་ཁ་གསོ་ཞིང་གད་བདར་བྱེད