我是你的玩具,明天 作词 : 西藏病人 作曲 : 西藏病人 ང་ནི་ཁྱོད་ཀྱི་རྩེད་ཆས་ཡིན།སང་ཉིན། ང་ཡི་མིག་ཕྱུངས་ཏེ་མུན་ནག་གི་ཁ་དོག་དྲིས་དང ང་ཡི་ཡན་ལག་བཅད་དེ་བྲང་ལ་དམ་པོར་སྦྱོར་དང ང་ཡི་སེམས་བརྐུས་ཏེ་མི་དགའ་བའི་རྒྱུ་རྐྱེན་ལབ་དང ང་རང་བཙོན་དུ་བཅུག་སྟེ་རང་དབང་གི་དོན་སྙིང་ཤོད་དང སྙིང་ལགས བར་སྐོར་དང་ལི་ཐང རྫོང་གསར་ནས་འཇོ་མདའ གང་ནས་ཀྱང་ཁྱོད་ལ་འཕྲད་ཐབས་བྲལ གང་ལྟར་ཡང་ཁྱོད་ལ་འཕྲད་ཐབས་བྲལ སྙིང་ལགས ངའི་སེམས་ཀྱི་མེ་ལོང་ཆག་ཧྲུག་ཏུ་སོང་བས དེ་ལས་ཀྱང་ཁྱོད་རང་མཐོང་ཐབས་བྲལ གང་ལྟར་ཡང་ཁྱོད་རང་མཐོང་ཐབས་བྲལ ང་ཡི་མིང་བརྗེས་ཏེ་དེ་རིང་གི་བག་གསར་བཞིན་གཅེས་དང ང་ཡི་ལག་མགོར་འཇུས་ཏེ་དཔྱིད་རླུང་ཁྲོད་འཆམ་འཆམ་དུ་ཁྲིད་དང ང་ཡི་སེམས་བསྲེག་སྟེ་དགའ་མྱོང་བའི་འདས་སོང་གླེང་དང ང་རང་སྲོག་དང་བྲལ་རྗེས་འཚོ་གནས་ཀྱི་རིན་ཐང་ཤོད་དང སྙིང་ལགས བར་སྐོར་དང་ལི་ཐང རྫོང་གསར་ནས་འཇོ་མདའ གང་ནས་ཀྱང་ཁྱོད་ལ་འཕྲད་ཐབས་བྲལ གང་ལྟར་ཡང་ཁྱོད་ལ་འཕྲད་ཐབས་བྲལ སྙིང་ལགས ངའི་སེམས་ཀྱི་མེ་ལོང་ཆག་ཧྲུག་ཏུ་སོང་བས དེ་ལས་ཀྱང་ཁྱོད་རང་མཐོང་ཐབས་བྲལ གང་ལྟར་ཡང་ཁྱོད་རང་མཐོང་ཐབས་བྲལ