我和我的家园 作词 : 扎西才加 作曲 : 曲塔 བུ་ཆུང་ང་ནི་མཐོ་སྒང་འབྲོག་ཕྲུག་ཡིན།། ཀུན་གྱིས་ང་ལ་བསམ་པ་ལྷུན་འགྲུབ་ཟེར།། ནོར་གནག་སྒ་གཞོང་ང་ཡི་རྩེད་ར་ཡིན།། འབྲོག་ཕྲུག་དབུ་སྐྲ་སྨུག་པོ་རྫ་ལས་ནག།། རྫ་འདབས་སྦྲ་ནག་གྲུ་ཆུང་ང་ཡི་ཁྱིམ།། སྣོད་བཅུད་བཀྲ་ཤིས་འབྱུང་བའི་ཕ་ཁྱིམ་ཡིན།། བུ་ཆུང་ང་ནི་མཐོ་སྒང་ཞིང་ཕྲུག་ཡིན།། ཀུན་གྱིས་ང་ལ་བསམ་པ་ལྷུན་འགྲུབ་ཟེར།། ཞིང་ཁ་གྲུ་བཞི་ང་ཡི་རྩེད་ར་ཡིན།། ལོ་ཡག་སྙེ་མ་བུ་ཆུང་ལོ་བརྒྱད་ཙམ།། ནས་འབྲུ་ཁྱུང་གི་སྒོ་ང་འཁྲུངས་ནས་ཡོད།། ནད་མེད་ཚེ་ཐག་རིང་བའི་ཕ་ཟས་ཡིན།། 歌词大意: 我是高原的牧人 快乐的牧人 在牛背上传唱童年的歌谣 乌黑的长发 随风起舞 黑色的帐篷 安祥静默 我的家园  与我同醉   我是农家的孩子 诚实的孩子 在田地间耕耘一生的风景 辛勤的汗水 飘洒四方 满园的硕果 向我走来 我的家园 绿色如画