知心爱人 作词 : 梅朵罗玛 作曲 : 曲塔 ངའི་སེམས་ཀྱི་བརྩེ་དུང་དེ། སུ་དང་གང་གིས་མི་ཤེས། ཁྱོད་ལ་སྐྱོང་ནས་ལོ་དང་ཟླ་བ་ཡིན། ཁྱོད་རང་སྒུག་ནས་ལོ་ཟླ་རིང་མོ་ཡིན། ད་དུང་འགྱུར་མེད་སེམས་ཀྱི་ཀློང་ན་ཡོད། བརྩེ་བ་དེ་སུ་ལ་གཏད་མེད། དུང་བ་དེ་སུ་ལ་ཤོར་མེད། Oh... ངའི་དགའ་སའི་ཚེ་རོགས་ཡ། ཚེ་རོགས་སེམས་ཀྱི་ནོར་བུ། Yeah... ངའི་སྙིང་གི་ཚེ་རོགས་ལོ་བརྒྱ ཁྱོད་ནི་ང་ཡི་སེམས་ཡིན། ང་ནི་ཁྱོད་ཀྱི་མིག་ཡིན། ངའི་སེམས་ཀྱི་ན་ཟུག་དེ། སུ་དང་གང་གིས་མི་ཤེས། ཁྱོད་དགའ་བའི་སེམས་པ་དཀར་པོ་ཡིན། ཁྱོད་ལ་དུང་བའི་བརྩེ་བ་ཟབ་མོ་ཡིན། ད་དུང་འགྱུར་མེད་སེམས་ཀྱི་ཀློང་ན་ཡོད། སྙིང་གཏམ་དེ་སུ་ལ་བཤད་མེད། དམ་བཅའ་དེ་སུ་ལ་བྱས་མེད། Oh... ངའི་དགའ་སའི་ཚེ་རོགས་ཡ། ཚེ་རོགས་སེམས་ཀྱི་ནོར་བུ། ཡེ།... ངའི་སྙིང་གི་ཚེ་རོགས་ལོ་བརྒྱ ང་ནི་ཁྱོད་ཀྱི་མིག་ཡིན། ཁྱོད་ནི་ང་ཡི་སེམས་ཡིན། ང་ནི་ཁྱོད་ཀྱི་མིག་ཡིན། ❤