初中的歌 སློབ་འབྲིང་གི་གཞས་ ཚིག. བློ་བཟང་འཇིགས་མེད་ དབྱངས. བློ་བཟང་འཇིག་མེད་ ཅ་ལག་སྡུ་གསོག་རྒྱག་དུས་པར་ཁ་ཤས་མཐོང་བྱུང་ ལོ་བཅུའི་གོང་གི་གནས་ཚུལ་གྲོགས་པོ་ཁྱེད་ཚོ་དྲན་བྱུང་ ཁ་ཤས་ག་པར་ཡོད་ན་ང་དང་བརྗེད་ཚར་མེད་འགྲོ་ ཁ་ཤས་འབྲེལ་བ་མེད་པར་ལས་ཀ་བྲེལ་ལ་ཚ་པོ་མེད་འགྲོ་ ཁ་པར་ནང་ལ་རོགས་པ་རྙིང་པའི་ཨང་གྲངས་མིན་འདུག་ ཁོ་ཚོའི་ཁ་པར་ནང་ལས་ངས་ཨང་གྲངས་མེད་པ་ཡིན་འགྲོ་ གཅིག་བྱས་ན་ཚང་མས་ཕན་ཚུན་ཕར་ཚུར་བརྗེད་པ་ཡིན་འགྲོ་ གཅིག་བྱས་ན་གང་གས་སེམས་ནང་ཉར་བསྡད་ཡོད་འགྲོ་ ང་ཚོ་ཚང་མའི་སེམས་གཏིང་ལ་ གྲོགས་པོ་ཁ་ཤས་བསྡད་ཞག་ ནམ་རྒྱུན་ཐུག་གི་མིན་འདུག་ ཡིན་ནས་བརྗེད་མིན་འདུག་་་་༢ ང་ཚོས་གླིང་ག་ག་ཚོད་བཏང་མིན་དྲན་གི་མིན་འདུག་ ད་དུང་མི་སུ་སུ་མ་སླེབས་པ་དྲན་གི་མིན་འདུག་ སློབ་་གྲྭ་ཐོན་རྗེས་རོགས་པ་གང་ག་ཕར་ཚུར་ཐོར་སོང་ ད་ལྟ་མི་བདུན་རྒྱད་དགུ་ཙམ་ལས་ཐུག་གི་མིན་འདུག་ ཀྱེས་་་་་ཞུགས་མའོ་ ད་ཁྱོད་རང་ག་པར་ཡོད་ཀྱས་ སློབ་གྲྭ་ཐོན་པ་ནས་བྱས་ ཁྱོད་རང་ཅི་ཡས་ཐུག་མ་བྱུང་ང་ཀྱས་ ང་ཚོས་འདམ་བག་ནང་ལ་སྤོ་ལོ་རྒྱབ་ཡས་དེ་ཚོ་དྲན་གི་འདུག་གས་ ཁྱོད་རང་དང་ང་སྔོན་མ་འཆམ་ཤོས་མ་རེད་པས་ ཀྱེས་་་་་ཅིའུ་པའེ དགོངས་པ་རྒྱུ་ནས་མ་ཚོམས་ ད་ལྟ་བར་དུ་ངས་འབྲེལ་བ་བྱེད་རྒྱུ་ཅི་ཡས་མ་བྱུང་ རྟག་པར་རེ་ཞིག་རང་གི་ང་ལ་ཁ་པར་རྒྱབ་ཀ་བྱེད་ཀྱི་རེད་ རང་གི་འགྱུར་ལྡོག་དེ་ཚོ་ང་ཚོ་གང་གས་མཐོང་ཡོ་རེད་ རྒན་བསོད་ཚེ་ལགས་ གཟུགས་པོ་བདེ་པོ་ཡིན་ནོ་ ལྷ་ས་སླེབས་དུས་འབྲེལ་བ་སླད་ཙམ་སླད་ཙམ་བྱེད་ཀ་གྱིས་ཨོང་ཀོ་ རང་གི་ང་དང་དོན་ཡོད་ལ་རོགས་པ་བྱས་ཀྱོ་དེ་ཚོ ང་གཉིས་ཀྱི་སེམས་གཏིང་ནས་བརྗེད་ཐུབ་པ་མིན་འདུག་ ང་ཚོ་ཚང་མས་སེམས་གཏིང་ལ་གྲོགས་པོ་ཁ་ཤས་བསྡད་ཞག་ ནམ་རྒྱུན་ཐུག་གི་མིན་འདུག་ ཡིན་ནས་བརྗེད་མིན་འདུག་༢ རྟག་པར་སློབ་ཚན་ཚུགས་དུས་དགེ་རྒན་ལ་ཁ་ལན་སློག་མཁན་དེ་ ད་ལྟ་ལས་ཁུངས་ནང་ལས་ད་དུང་ཨེ་འདྲས་མ་བྱེད་ལ་ གྱང་མཆོངས་བྱས་ཕྱི་་ལོགས་ལ་ཟ་ཡས་ཉོ་ཀ་འགྲོ་མཁན་དེ་ ལོ་འདི་གས་ཕྱིན་ནས་ཡག་བྱུང་གཅིག་ཡང་ཟེར་ཡས་མ་བྱུང་ སློབ་སྦྱོང་དྲག་ཤོས་དང་སྐད་ཆ་ཉུང་ཤོས་ཕྲུ་གུ་དེ་ ད་ལྟ་ད་དུང་དེབ་ར་ཅི་བལྟས་བྱས་བསྡད་ཡོད་པས་ ང་དང་ཉལ་ཁང་ནང་ལ་རྒྱག་རེས་ཤོར་མཁན་གྱི་རོགས་པ་ ང་གཉིས་ད་དུང་ཐུག་བྱུང་ན་གཉམ་དུ་གཏུང་ཀ་འགྲོ་ཨ་ ངས་དྲན་བསྡད་ཡོད་ དེ་ཚོ་ཚང་མ་དྲན་བསྡད་ཡོད་ ལས་ཀ་བྲེལ་ལ་ཚ་པོ་ག་ཚོད་ཡོད་ནའི་དྲན་བསྡད་ཡོད་ ཡིན་ནའི་གཅིག་གོ་དུས་སོ་སོ་གཅིག་པུ་ལྷག་བསྡད་གིས་ རོགས་པ་གང་གས་འབྲེལ་བ་མ་བྱས་པའི་བཟོ་ཞིག་ཆགས་བསྡད་གིས་ ཁ་པར་ནང་ལ་རོགས་པ་རྙིང་པའི་ཨང་གྲངས་མིན་འདུག་ ཁོ་ཚོའི་ཁ་པར་ནང་ལས་ངས་ཨང་གྲངས་མེད་པ་ཡིན་འགྲོ་ གཅིག་བྱས་ན་ཕན་ཚུན་ཕར་ཚུར་བརྗེད་པ་ཡིན་འགྲོ་ གཅིག་བྱས་ན་གང་གས་སེམས་ནང་ཉར་བསྡད་ཡོད་འགྲོ་ ང་ཚོ་ཚང་མའི་སེམས་ནང་ལ་ གྲོགས་པོ་ཁ་ཤས་བསྡད་ཞག ནམ་རྒྱུན་ཐུག་གི་མིན་འདུག་ ཡིན་ནས་བརྗེད་མིན་འདུག་། ་་་་ནོར་འཁྲུལ་ཡོད་ན་བཅོས་རོགས་གནང་།