甜茶馆 གསོལ་ཇ་མངར་མོ། ནོར་བུ་རིན་ཆེན། ཁ་གཅིག་སྐོམ་པའི་དུས་ལ། ཇ་ལས་ཞིམ་པ་མི་འདུག། ཇ་ཁང་ནང་དུ་ཕེབས་མཁན། ལས་མེད་རེད་ཟེར་མ་གསུངས། མཁྱེན་ལྡན་དབང་མི་རྣམས་ཚོ། འདི་ལ་ཕེབས་འདོད་གནང་གིས། མཁྱེན་ལྡན་དབང་མི་རྣམས་ཚོ། འདི་ལ་ཕེབས་འདོད་གནང་གིས། ཡ་གིའི་མི་ཆེན་དཔོན་པོ། མཛད་བྲེལ་གང་འདྲ་ཡོད་མིན། མ་གིའི་དམངས་དང་མི་སེར། སྐྱིད་སྡུག་གང་འདྲ་ཡོད་མིན། ཡ་མཚན་གསར་འགྱུར་གསན་ན། ཇ་ཁང་ནང་ལ་ཕེབས་ཤོག། གསོལ་ཇ་མངར་མོ་མཆོད་མཁན། གསོལ་མར་མེད་པ་མ་རེད། ཧུབ་གང་བཏུང་བ་ཙམ་གྱིས། ལུས་སེམས་བདེ་ལ་ཕབ་སོང་། ཁྱེད་ལ་སེམས་ནད་ཡོད་ན། སྐུ་རྐྱང་ནང་ལ་མ་བཞུགས། ཇ་ཁང་ནང་གི་གཏམ་རྒྱུད། ལྷ་སྒྲུང་ལས་ཀྱང་སྙན་པ། སྤྱི་ཡི་རྒྱལ་ཁབ་སྐྱོང་ལུགས། སྒེར་གྱི་འཚོ་བ་སྐྱེལ་སྟངས། ཐབས་དང་གྲུབ་མཐའི་དངོས་གྲུབ། ཇ་ཁང་ནང་ནས་ཐོབ་ཡོང་། ཐབས་དང་གྲུབ་མཐའི་དངོས་གྲུབ། ཇ་ཁང་ནང་ནས་ཐོབ་ཡོང་། ཇ་ཁང་ནང་ནས་ཐོབ་ཡོང་། ཇ་ཁང་ནང་ནས་ཐོབ་ཡོང་།