梦里 作词 : 赞迪 作曲 : 木野 གཞས་ཚིག བཙན་དུས། གཞས་གདངས། མུན་ཡལ། རོལ་མོ་སྒྲིག་བཟོ་བ། མུན་ཡལ། སྒྲ་ལེན་པ། ཚེ་དབང་རྡོ་རྗེ། སེམས་སོང་བྱམས་པའི་བར་ལ།། མི་འགྱུར་དམ་བཅའ་བཞག་ཡོད།། ཚེ་གཅིག་ལུས་གཅིག་འདི་ལ།། གཏན་གྱི་འདུན་མ་བཅོལ་འདོད།། སྐྱེ་བ་གཞུག་མ་ཟར་བ།། མི་རྟག་ན་བུན་ཡིན་རེད།། ཡ་རེ་ལོ།་་་་་་་་་་ ཨ་སྔོན་གནམ་ལས་མཐོ་བའི།། བརྩེ་བའི་གུར་ཁང་དབུབ་འདོད།། དོག་མོ་ས་ལས་ཡངས་པའི།། དུངས་པའི་མཚོ་ཆེན་བསྐྱིལ་འདོད།། སེམས་སོང་བྱམས་པའི་བར་ལ།། གཙང་བའི་སྨོན་ལམ་བཏབ་ཡོད།། ད་ལོའི་དབྱར་ཟླ་ཚེས་ན།། ལས་ཀྱི་མེ་ཏོག་བཞད་ངེས།། སང་ལོའི་དགུན་ཟླ་ཟེར་བ།། རློང་ནང་མར་མེ་ཡིན་རེད།། ཡ་རེ་ལོ།་་་་་་་་་ ཨ་སྔོན་གནམ་ལས་མཐོ་བའི།། བརྩེ་བའི་གུར་ཁང་དབུབ་འདོད།། དོག་མོ་ས་ལས་ཡངས་པའི།། དུངས་པའི་མཚོ་ཆེན་བསྐྱིལ་འདོད།།