姑娘仁增卓玛(Cover 南木卡) བུ་མོ་རིག་འཛིན་སྒྲོལ་མ། (姑娘仁增卓玛) བུ་མོ་རིག་འཛིན་སྒྲོལ་མ་རེད། གཡང་དཀར་ལུག་གི་རྫི་བོ་རེད། དགོ་དགོ་འབྲི་མོ་བཞོ་མཁན་རེད། མཐིང་སྨུག་སྦྲ་ཡི་ནང་འཛིན་རེད། མཐིང་སྨུག་སྦྲ་ཡི་ནང་འཛིན་རེད། བུ་མོ་རིག་འཛིན་སྒྲོལ་མ་རེད། སེམས་དང་ཐུགས་རྒྱུད་དྲང་ས་རེད། ཁྲེལ་དང་ང་ཚ་ཡོད་ས་རེད། སྟག་ཤར་གཞོན་ནུའི་འཛུམས་མདངས་རེད། སྟག་ཤར་གཞོན་ནུའི་འཛུམས་མདངས་རེད། བུ་མོ་རིག་འཛིན་སྒྲོལ་མ་རེད། སྐྱེད་མོ་ཚལ་གྱི་འཇོལ་མོ་རེད། མེ་ཏོག་ནང་གི་པད་མ་རེད། སྟག་ཤར་གཞོན་ནུའི་ཟུར་མིག་རེད། སྟག་ཤར་གཞོན་ནུའི་ཟུར་མིག་རེད། བུ་མོ་རིག་འཛིན་སྒྲོལ་མ་རེད། སྐྱེད་མོ་ཚལ་གྱི་འཇོལ་མོ་རེད། མེ་ཏོག་ནང་གི་པད་མ་རེད། སྟག་ཤར་གཞོན་ནུའི་ཟུར་མིག་རེད། སྟག་ཤར་གཞོན་ནུའི་ཟུར་མིག་རེད། སྟག་ཤར་གཞོན་ནུའི་ཟུར་མིག་རེད།