草原情歌 作词 : 岗华 作曲 : 三智才让 རྩྭ་ཐང་གི་འཁྲེང་སེམས། ཚིག གངས་དཔལ། དབྱངས།མགར་བསམ་འགྲུབ་ཚེ་རིང་། དཔའ་རིས རིག་འཛིན་རྡོ་རྗེ་ ཉི་མ་ཚེ་རིང་ཕར་ཁའི་རི་ནས་རྫི་གླུ་སིང་སེར་ཡོང་། ༼ཡ་ལ།༽ ཟླ་བཟང་སྒྲོལ་མ་ཚུར་ཁའི་སྒང་ནས་མེ་ཏོག་འཐུ་བཞིན་སོང་། ཉི་མ་ཚེ་རིང་ཕར་ཁའི་རི་ནས་གོམ་ཆུང་ག་ལེར་ཡོང་། ༼ཡ་ལ།༽ ཟླ་བཟང་སྒྲོལ་མ་ཚུར་ཁའི་སྒང་ནས་འཛུམ་ཆུང་གྱི་ལེར་སོང་། ལུག་ཚེར་དཀར་སིང་སིང་གླུ་ལ་ཁྲོལ་ལེར་འགུག༼ཡ།༽ རྟ་འདོ་བ་སྙན་སྙན་སྐད་ལ་འཁྱུག་ལེར་འགུག༼ཡ།༽ ཉི་མ་ཚེ་རིང་ལྷ་དབང་འདྲ། ལྷ་དབང་བརྒྱ་བྱིན་རང་བྱོན་འདྲ། ཟླ་བཟང་སྒྲོལ་མ་ལྷ་མོ་འདྲ། ལྷ་མོའི་ཆོས་སྐུ་རང་བྱོན་འདྲ། སོ་ཡ་ལ་ལྷ་ཞལ་བག་རེ་དྲོ། 。。。。。。 ཚེར་དཀར་ལུག་དང་སྤྲིན་དཀར་འདྲེས་པའི་ཡངས་པའི་རྩྭ་ཐང་།༼སྤྲོ་ལ་སེ།༽ ཆུ་མོའི་གཞུང་ལ་འཇའ་རིས་སྨུག་པའི་དབང་གཞུ་འཐེན་ལེ་རེད། ལུང་པ་༼ཡེ་སོ་༽ཕུ་ཐག་རིང་བའི་ས་ཆ་དགའ་ལེ།༼སོ་ཡ་ལ།༽ དཀར་གསལ་མེ་ཏོག་དྲི་ཞིམ་འགྲོ་བའི་ནེའུ་གསིང་མེ་ལོང་ན། སྟག་ཤར་ལུ་མ་འཕངས་མདའ་མོ་འདྲ་ལེ་རེད།༼ཡ།༽ སྨན་བུ་མོ་མ་བཀུག་གཞུ་མོ་འདྲ་ལེ་རེད།༼ཡ།༽ ཟླ་བཟང་ལང་ཚོ་རྨ་བྱ་འདྲ། རྨ་བྱའི་སྒྲོ་ཕྲན་འདྲ་ལེ་རེད། ཟླ་བཟང་སྐད་ངག་ཁུ་ཡུག་འདྲ། ཁུ་ཡུག་གསུང་དང་འདྲ་ལེ་རེད། སོ་ཡ་ལ་མི་མོའི་དྭངས་རྩེ་རེད།༼ཡ།༽ ཟླ་བཟང་ཞལ་རས་དུང་ཟླ་བཞིན་དུ་དཀར་ལུ་ཚེས་ཡོད། ༼དགའ་གྲགས་སེ།༽ ཟླ་བཟང་སྐྱེ་གཟུགས་གཞོན་ཤ་སྨིན་མ། ༼སྐྱིད་པོ་གྲགས་སེ་ལོ།༽ ཚར་དཀར་གྲ་ལོའི་ཕུ་རུང་ནང་ནས་ཞལ་འཛོམས་ཕྱག་བརྡ་ཡོང་། ༼ཡ་ལ།༽ སྐྲ་ནག་ལན་བུའི་འཕྱང་འཕྲུལ་གསེབ་ནས་ཟུར་མིག་སྐར་མདའ་ལྷུང་། ཞེ་མ་མཐུན་སྡེ་ཆེན་མྱི་ཁ་ཆེ་ས་རེད།༼ཡ།༽ མཐུན་སོང་ན་ཁ་ཡ་ན་ཟླ་སྨོན་ས་རེད།༼ཡ།༽ ཟླ་བཟང་ཞེ་སེམས་སྤྲིན་པ་འདྲ། སྦྲང་ཆར་བཞིན་དུ་སིམ་སིམ་བབས། ཟླ་བཟང་སྣང་བ་ཟླ་ཟེར་འདྲ། ཆུ་མོའི་གཞུང་ལ་ཤག་ཤག་བབས། སོ་ཡ་ལ་རྨི་ལམ་ཞིམ་པོ་རེད། ཞེ་མ་མཐུན་སྡེ་ཆེན་མྱི་ཁ་ཆེ་ས་རེད།༼ཡ།༽ མཐུན་སོང་ན་ཁ་ཡ་ན་ཟླ་སྨོན་ས་རེད།༼ཡ།༽ ཟླ་བཟང་ཞེ་སེམས་སྤྲིན་པ་འདྲ། སྦྲང་ཆར་བཞིན་དུ་སིམ་སིམ་བབས། ཟླ་བཟང་སྣང་བ་ཟླ་ཟེར་འདྲ། ཆུ་མོའི་གཞུང་ལ་ཤག་ཤག་བབས། སོ་ཡ་ལ་རྨི་ལམ་ཞིམ་པོ་རེད།