帕罗妈罗 作词 : 尖参 作曲 : 尖参 ཕ་ལོ་མ་ལོ ཚིག རྒྱལ་མཚན། དབང་རྡོ། དབྱངས། རྒྱལ་མཚན། གདངས། དཀའ་ཐུབ་རྒྱལ། གླུ་ཚིག་སྒྲིག་བཟོ། ཡེ་ཤེས་འོད་ཟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ནམ་མཁའི་སྐར་མ་འཛིན་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ཐང་གི་མེ་ཏོག་འབའ་ན་སྟེར། ང་ལ་ཤ་དང་ཁྲག་གི་ཕུང་བོའི་ལུས་རྟེན་གནང་མཁན་གྱི་ཨ་ཕ་ལགས། ང་ལ་རྣམ་ཤེས་གསེར་གྱི་སྦྲམ་བུ་སྩོལ་མཁན་གྱི་སྙིང་གི་ཨ་མ་ལགས། ཟླ་དགུ་ཞག་བཅུར་ཨ་མའི་ལུས་ལ་ཁུར་བའི་ཐ་མ་ཞིག་ལ། ངའི་ལྟེ་ཁྲག་ས་ལ་འཐོར་བ་ནས་ངུ་སྐད་ཐོག་མ་གྲགས་པ་ནས་བཟུང་སྟེ། ཕ་མ་གཉིས་ཀྱིས་ཉིན་གྱི་ཟས་དང་མཚན་མོའི་གཉིད་ཡང་བཅག་ཏེ་ང་རང་གཉོར་སྐྱོང་བྱས། གོམ་པ་གཅིག་རེ་གཉིས་རེ་གསུམ་རེ་བཞི་རེ (ངུ་སྒྲ) མ་ངུ་མ་ངུ་ཡར་ལ་ལོངས་དང་ཨ་ཕའི་གཅེས་ཕྲུག་པང་ལ་ཤོག་ཟེར། ཨ་ཕའི་ངག་གི་གནའ་གཏམ་དང་ཨ་མའི་བཤད་པའི་བྱིས་སྒྲུང་དག་གིས་ངའི་མཚན་མོ་ཅི་ཙམ་བསྐྱལ། ལོ་ལོ་མ་ངུ་གཉིད་ལ་སྡོདགཉིད་ལ་སྡོད་དང་རྟ་ཞིག་སྟེརརྟ་ལ་སྒ་ཞིག་སྟོད་ལ་སྟེརཐང་གི་མེ་ཏོག་འབའ་ན་སྟེར། ནམ་མཁའི་སྐར་མ་འཛིན་ན་སྟེར། ཇི་འདྲའི་ཡིད་དུ་འོང་ཤིང་རྒྱུས་ཆེ་བའི་སྐད་གདངས་ཤིག ཇི་འདྲའི་བག་ཆགས་ཟབ་ཞིང་རྣ་བར་སྙན་པའི་དབྱངས་རྟ་ཞིག འདི་ལྟར་ཉིན་བཅུ་ཟླ་བཅུ་ལོ་བཅུ། དུས་ཚོད་ནི སྡེ་འདེབས་ཀྱི་ཆུ་བོ་བཞིན་དུ་ཕྱིར་བཟློག་མེད་པར་བཞུར་གྱིན་ཡོད། བུ་ངའི་འཚར་ལོང་གི་ལོ་ཟླའི་ཁྲོད་དུ་ཁྱོད་ཡོད་ལ། ཁྱོད་རང་རྒས་བའི་ལམ་ན་ང་ཡང་ཡོད་སྲིད། ང་ལ་སྟོབས་ཤུགས་དང་ཡིད་ཆེས་སྟེར་བའི་ཡབ་ཆེན་ལགས། ང་ལ་གླིང་གི་དཔའ་རྟུལ་དང་འབྲུག་མོའི་བརྩེ་བ་བཤད་པའི་ཡབ་ཆེན་ལགས། ང་ལ་མི་བུ་སྒལ་ཚིགས་ཅན་ཞིག་བཅའ་དགོས་ཟེར་བའི་ཡབ་ཆེན་ལགས། ཁྱེད་ནི་བུ་ངའི་ཆར་རླུང་བཞའ་སའི་སྦྲ་ནག་དེ་ཡིན། ཁྱེད་ནི་རུས་པའི་རྐང་ལ་འཐིམས་པའི་དབྱངས་རྟ་དེ་ཡིན། ཁྱེད་ནི་བུ་ངའི་དད་མོས་བྱེད་སའི་དཔའ་བོ་དེ་ཡིན། Ayo ཕ་ལོ ཁྱེད་ནི་ཁྱིམ་འདིའི་རྒྱབ་རི་ཡིན། རྒྱབ་རི་རྒྱལ་སྲིད་སྣ་བདུན་ཡིན། Ayo. མ་ལོ ཁྱེད་ནི་ཁྱིམ་འདིའི་མདུན་རི་ཡིན། མདུན་རི་མཚོ་མོ་རང་འཁྱིལ་རེད། ཉིན་མཚན་མེད་པར་ལས་ཀ་འབད་པ་བྱེད་པ་དེ་སུས་ཆེད་དུ འཁང་ར་མེད་པར་མིག་ཆུ་ཁོག་ལ་བཅུག་པ་དེ་སུས་ཆེད་དུ། ངའི་ཆེད་དུ ངའི་ཆེད་དུ ཡོད་ཚད་ངའི་ཆེད་དུ། ལུས་སེམས་ཆད་ཅིང་ངོ་ལ་འཛུམས་ཤར་བ་དེ་ངའི་ཆེད་དུ། ལ་རྒྱ་ཡོད་རུང་གཞན་ལ་མགོ་སྒུར་བ་དེ་ངའི་ཆེད་དུ། ཨ་ཕ་དང་ཨ་མ་ལགས ཁྱེད་གཉིས་ཀྱིས་དཀའ་སོང་། བུ་ངའི་ཆེད་དུ་དཀའ་སོང་། ད་ནི་སེམས་ཁུར་བྱེད་མི་དགོས། ཁྱེད་གཉིས་ཀྱི་གཅེས་ཕྲུག་ནར་སོན་སོང་། ནར་སོན་སོང་། ད་ནི་བུ་ང་ནར་སོན་སོང་། ཡབ་མེས་དག་གི་བསླབ་བྱ་དང་དུ་བླང་ཡོད། ཁྱིམ་ཚང་ཞིག་གི་འགན་ཁུར་ཕྲག་དུ་ཁུར་ཐུབ། བུ་མོ་ཞིག་གི་བརྩེ་བ་སེམས་ལ་བསྒོམ་ཡོད། ཁྱེད་གཉིས་ཀྱི་བཀའ་དྲིན་ལ། ང་བསོད་ནམས་ཆེ་བའི་བོད་པ་ཞིག་ཡིན། ཤ་ཞེན་ཡོད་པའི་འབྲོག་ཕྲུག་ཅིག་ཡིན། སྙིང་རྗེ་ལྡན་པའི་མི་བུ་ཅིག་ཡིན། མགོ་སྦྲ་སྨུག་པོའི་ཁ་ཚུབ་ནང་ནས་སྐར་མ་སུམ་ཚོམ་བཞི་ཚོམ་མཐོང་། སྦྲ་ཡི་ཕྱི་རུ་སྒོ་ཁྱི་ཟུག་པའི་གཅོང་སྐད་ཁོ་ན་ཐོས། ད་ནི་ཨ་ཕ་གཉིད་དུ་ཡུར་ཟིན། ཨ་མའི་བསྒྲོན་པའི་མཆོད་མེ་དེའང་གཟིམས་ལ་ཉེ། ཉན་མྱོང་བའི་དབྱངས་རྟ་དེ་ཡང་ཡང་བསྐྱར་རྣ་ལམ་དུ་གྲགས། ལོ་ལོ་མ་ངུ་གཉིད་ལ་སྡོད། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ནམ་མཁའི་སྐར་མ་འཛིན་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ཐང་གི་མེ་ཏོག་འབའ་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ནམ་མཁའི་སྐར་མ་འཛིན་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ཐང་གི་མེ་ཏོག་འབའ་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ནམ་མཁའི་སྐར་མ་འཛིན་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ཐང་གི་མེ་ཏོག་འབའ་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ནམ་མཁའི་སྐར་མ་འཛིན་ན་སྟེར། ལོ་ལོ་མ་ངུ་གཉིད་ལ་སྡོད། གཉིད་ལ་སྡོད་དང་རྟ་ཞིག་སྟེར། རྟ་ལ་སྒ་ཞིག་སྟོད་ལ་སྟེར། ཐང་གི་མེ་ཏོག་འབའ་ན་སྟེར།