阿克卓巴 作词 : 阿丹 作曲 : 阿丹 ཨ་ཁུ་འབྲོག་པ། ཚིག་དང་དབྱངས།རྟ་འགྲུབ་དབང་རྒྱལ། ལེན་མཁན།ཟླ་བ་བསམ་འགྲུབ། བུ་མོའི་སྐད།སྔོན་གཟའ་ཚེ་རིང་གཡང་དཀར། འབྲོག་པ་གནས་སྤོ་ལ་བྲེལ་ཞིང་།རྟ་རྒོད་བང་རྩལ་ལ་འགྲན། འབྲོག་མིས། མི་རིགས་ཤིག་ལ་སྲོལ་རྒྱུན་ལྡན་པ་བྱས། ཁྱོད་ཡོད་པའི་སྟབས་དང་། ཁྱོད་ཀྱི་རྒྱུན་འཁྱོངས་དེས། མི་རིགས་ཀྱི་འཚོ་བའི་རྒྱུན་སྲོལ་གནས་ཐུབ་པ་བྱུང་། རྩྭ་ཐང་དེ་འབྲོག་མི་ཡི་གཞིས་ཁྱིམ་དུ་གྲུབ་ཅིང་། ས་གཞི་ཆེན་པོ་ཁྱོད་ཀྱི་གླུ་སྒྲའི་ཁྲོད་ནས་སད་པ་གྱུར། གནའ་ནས་ད་བར་ཁྱོད་རྒྱུན་ཆད་མེད་པར། གེ་སར་རྒྱལ་པོའི་བསྟོད་གླུ་དང་བསྔགས་བརྗོད་མཆད། ཁྱོད་ཉིད་ཁྱད་མཚར་གྱི་འགྱུར་ཁུག་དེ། དུས་ནམ་ཡང་བརྗོད་བཞིན་པ་ནི་གེ་སར་རྒྱལ་པོའི་ལོ་རྒྱུས་རེད། རྩྭ་ཐང་སྲུང་བཞིན་པའི་འབྲོག་དམངས། ཨ་ཁུ་འབྲོག་པ། མི་རིགས་ཀྱི་སྲོལ་རྒྱུན་འཛིན་མཁན། ཨ་ཁུ་འབྲོག་པ། འབྲོག་ཡུལ་དུ་བསྟོད་གླུ་འབུལ་མཁན། ཨ་ཁུ་འབྲོག་པ། རྟ་རྩལ་ལ་བྱང་ཆ་ལྡན་པའི་ཕོ་རྒོད། ཨ་ཁུ་འབྲོག་པ། ཨ་ཁུ་འབྲོག་པ། རྩྭ་ཐང་སྟེང་གི་སྒྱུ་རྩལ་པ། རྟ་གོང་གི་ཁམས་པའི་ཕོ་རྒོད། དེ་ནི་ཁྱོད་ཀྱི་འཇིག་རྟེན་ཡིན་ལ། ཁྱོད་ནི་རྩྭ་ཐང་སྟེང་གི་འབྲོག་པ་དག་མ་ཡིན། རང་ཉིད་ལྷག་བསམ་གྱིས་སྟེར་བའི་ཡིད་ཆེས་བརྒྱུད། ཁྱོད་ཀྱི་སྙིང་སྟོབས་དང་། ཁྱོད་ཀྱི་ཁོག་ཡངས། ད་རུང་ཞུམ་མེད་ཀྱི་སྤོབས་པ་བཅས་ལས། ཁྱོད་ཀྱི་འགྱུར་མེད་ཀྱི་རང་གཤིས་མཚོན་ཡོད་ལ། གཟི་བྱིན་ལྡན་པའི་མི་ཚེ་བསྐྲུན་ཡོད་། རྩྭ་ཐང་སྲུང་བཞིན་པའི་འབྲོག་དམངས། ཨ་ཁུ་འབྲོག་པ། མི་རིགས་ཀྱི་སྲོལ་རྒྱུན་འཛིན་མཁན། ཨ་ཁུ་འབྲོག་པ། འབྲོག་ཡུལ་དུ་བསྟོད་གླུ་འབུལ་མཁན། ཨ་ཁུ་འབྲོག་པ། རྟ་རྩལ་ལ་བྱང་ཆ་ལྡན་པའི་ཕོ་རྒོད། ཨ་ཁུ་འབྲོག་པ། རྩྭ་ཐང་སྲུང་བཞིན་པའི་འབྲོག་དམངས། ཨ་ཁུ་འབྲོག་པ། མི་རིགས་ཀྱི་སྲོལ་རྒྱུན་འཛིན་མཁན། ཨ་ཁུ་འབྲོག་པ། འབྲོག་ཡུལ་དུ་བསྟོད་གླུ་འབུལ་མཁན། ཨ་ཁུ་འབྲོག་པ། རྟ་རྩལ་ལ་བྱང་ཆ་ལྡན་པའི་ཕོ་རྒོད། ཨ་ཁུ་འབྲོག་པ། གླུ་ཚིག་སྒྲིག་མཁན། རེ་འབོད།