心意情 作词 : 岗甲尔 作曲 : 岗甲尔 词:翼罗 曲:岗甲尔 歌词大意: 心中的话儿 只想对你倾诉 魂牵梦绕的你 若能心心相印 我的花儿为你绽放 我的世界因你而精彩 གཞས་ཚིག གཡུ་ལོ། དབྱངས། གངས་རྒྱལ། གཞས་པ། གངས་རྒྱལ། ཏྭ་རེ་ལྷ་མོ། ༼ཕོ༽ང་ཡི་ཆུང་འདྲིས་བྱམས་པ།། ཐུགས་སེམས་སྐྱོ་སྐྱོ་མ་གནང་།། སྙིང་གཏམ་སྙིང་གི་ནོར་བུ།། ཁྱེད་ལས་སྟེར་འདོད་མི་འདུག ། ༼མོ༽སེམས་ཀྱི་རྣམ་ཤེས་ཕྲ་མོ།། མི་འགྱུར་གཅིག་ཏུ་མཐུན་ན།། བརྩེ་བ་ཟེའུ་འབྲུ་མངར་མོ།། སྦྲང་མ་ཁྱེད་ལ་གཏད་ཆོག ། ༼ཕོ༽ཡ་ཆུང་སེམས་པའི་དཀྱིལ་ནས།། སྙིང་གཏམ་མར་ལོ་བཤད་ས།། སྙིང་གཏམ་སྙིང་གི་ནོར་བུ།། ཁྱེད་ལས་སྟེར་འདོད་མི་འདུག ། ༼མོ༽སྙིང་གཏམ་སྙིང་གི་ནོར་བུ།། ཁྱེད་ལ་སྟེར་འདོད་ཡོད་པས།། མྱི་ཁའི་རླུང་དམར་འཚུབས་ཀྱང་།། འཛེམ་དོགས་བྱེད་ཚོད་མི་འདུག། ༼མཉམ་ལེན༽མི་ཚེ་འདི་ཡི་གཏན་གྲོགས།། ཁྱེད་ཉིད་གཅིག་པུ་ཡིན་པ།། ཡིད་ཀྱི་མེ་ལོང་ནང་དུ།། འགྱུར་མེད་རི་མོ་བྲིས་ཡོད།། ང་ཡི་ཆུང་འདྲིས་བྱམས་པ།། ཁ་བ་ལས་ཀྱང་དཀར་བ།། མི་ཚེ་མ་རྫོགས་བར་དུ།། མི་འགྱུར་དམ་བཅའ་བཞག་ཡོད།།