life 作词 : --Peace Yo Twenty -- 作曲 : 无 This My Life ད་འདི་ངའི འཚོ་བ་ དངོས་ཡོད་ཀྱི་གནས་སྟངས་ནང་  ད་འདི་ངའི་བལྟ་བ་ ཞེ་སྡང་དང་ཆགས་སྡང་ རྫོགས་ཡས་མེད་པའི་འཁོར་བ། རེ་བ་དེ་བྱས་ནས་བྱས་མ་ཚར། ཐོབ་པའི་དུས་ཀྱི་དགའ་ཚོར་དང་ ཤོར་བའི་དུས་ཀྱི་བློ་ཕམ་དེ་སྐྱེས་ སྐྱེ་བོ་དམ་པས་བྲིས་པའི་གྲགས་ཅན་གསུངས་ཚིག་འདི་བལྟས་ནས་ཐོམས་བྱས་བསྡད་ རང་སོ་སོར་དོགས་པ་སྐྱེས་བྱས་བསྡད་ ལམ་གསུམ་མདོ་སྒང་དུ་བསླེབས་དུས་ མ་འོངས་པའི་མི་ཚེ་ལམ་དེ་གདམ་ག་བྱས་ འགྲིག་ནོར་འདི་སོ་སོའི་སེམས་ནང་ཐག་བཅད། ཐམས་ཅད་དེ་མི་རྟག་་ཡིན་པ། བྱས་ན་རྟག་དང་མི་རྟག་པ་བསམ་བློ་མང་པོ་བཏང་ཡས་མེད་པ་ དེ་རིང་གི་ཉིན་དེ་ དེ་རིང་གི་མི་དེ་ གཅེས་སྤྲས་ཡག་པོ་བྱས་ རང་གཞོག་ལ་ཡོད་པའི་མི་འདིའི་ལག་པ་ཡག་པོ་བྱས་ཟིན། གྲོགས་པོ་དང་དགྲ་བོ་ ཉི་མ་འདི་སང་ཉིན་ཡང་གཅིག་བྱས་ན་ཐུག་ཡས་མི་དུས་ རང་སེམས་འདི་སྐྱོ་བྱས་མ་སྡོད། བཤད་ཚར་ཡས་མེད་པའི་སྐད་ཆ། ཕྱིན་ཚར་ཡས་མེད་པའི་ལམ་ཁ། དཀའ་ལས་འདི་འཕྲད་ཡས་གཏན་འཁེལ་བྱས། ཡིན་ནའི་མདུན་ལ་བལྟས་ནས་བློ་ཁོག་ཆེན་པོས་གོམ་པ་སྤོས་ཡས་བྱས། འབབ་ཆ་འདི་སྙན་པོ་ མཉམ་དུ་Rapབྱས་ནས་དཀའ་ལས་བརྒྱབ། སེམས་སྐྱིད་པོ་མེད་དུས་གནམ་ལ་བལྟོས་ གནམ་སྔོན་པོ་སྤྲིན་དཀར་པོ། རང་སེམས་ནང་ཡོད་པའི་མི་དེ་ནང་བཞིན་སྙིང་རྗེ་པོ། what  you want do བྱས་ཙང་རང་མུ་མཐུད་བྱས་དཀའ་ལས་བརྒྱབ། ཆར་རླུང་གི་རྗེས་སུ་འཇའ་ཚོན་མཐོང་ཡས་ཡོད་པ་གཏན་འཁེལ་བྱས། What a Dream What a Dream Studioའདི་ནས་འགོ་ཚུགས་པའི་རྨི་ལམ་འདི་བྱས་ Studioའདི་ནས་འགོ་ཚུགས་པའི་རྨི་ལམ་འདི་བྱས་ 2.    This My Life སྤྱི་ཚོགས་དངོས་ཀྱི་འཚོ་བའི་ནང་ཆེན་པོ་ཆགས། བསམ་བློ་མང་པོ་བཏང་ ཁང་པ་དང་མོ་ཊྲའི་ཆེད་དུ་དཀའ་ལས་བརྒྱབ། ངའི་ལག་པ་པའོ་པའོ་ནང་བླུགས་བྱས་ནང་ལ་ལོག་ ཟླ་འོད་འོག་ རྒྱབ་གཟུགས་རིང་པོ་ སྤྱི་སྤྱོད་རླངས་འཁོར་ཉི་ཤུ་ནས་་NISSANརླངས་འཁོར་ རྐང་འཁོར་འདི་དབྱུགས་བྱས་ འཚོ་བ་འདི་འཕེལ་རྒྱས་ཆེན་པོ་ཕྱིན་ མི་ཚང་མ་བྲེལ་བ་འཚུབ་འཚུབ་ མི་ཚང་མ་བྲེལ་བ་འཚུབ་འཚུབ་ མི་ཚང་མ་རླུང་འཚུབ་འཚུབ་ མི་ཚང་མ་རླུང་འཚུབ་འཚུབ་ མི་ཚང་མ་བསྡད་ས་ཇ་ཁང་དང་ཆང་ཁང་འདི་འཚང་ཁ་ཤིག་ཤིག་