三石灶 作词 : 索德 作曲 : 安曲贡布东智 སྒྱེད་རྡོ་གསུམ། ཚིག བསོད་དེ། དབྱངས། ཨ་མཆོག་མགོན་པོ་དོན་གྲུབ། ལེན་མཁན། མགོན་པོ་བསམ་གྲུབ། མེས་པོའི་ལོ་རྒྱུས་ཁྲོད་ན། འབྲོག་པའི་ས་སྒྱེད་བཙུགས་ཡོད། སྒྱེད་རྡོ་གསུམ་གྱིས་གྲུབ་ཡོད། འབྲོག་པའི་འཚོ་བ་ཁྱོད་ལ་བཅོལ། ལོ་རྒྱུས་དེབ་ཐེར་ཁྱོད་ལས་བསླངས། ཨེ་མ་ཧོ། སྒྱེད་རྡོ་གསུམ། གནས་པར་ཤོག ཨ་ལ་ལ། སྒྱེད་རྡོ་གསུམ། མཐུན་པར་ཤོག ཨེ་མ་ཧོ། སྒྱེད་རྡོ་གསུམ། གནས་པར་ཤོག ཨ་ལ་ལ། སྒྱེད་རྡོ་གསུམ། མཐུན་པར་ཤོག ࿄࿄࿄ འགྱུར་མེད་སྒྱེད་རྡོ་གསུམ་ལ། མེས་པོའི་ཁ་ཆེམས་བྲིས་ཡོད། ཁ་བའི་བདེ་སྡུག་བཅོལ་ཡོད། མཐུན་སྒྲིལ་ལག་རྡང་ཁྱེད་ཀྱིས་མཚོན། འབྲོག་པའི་ཁྱིམ་གཞིས་ཁྱོད་ཀྱིས་སྲུང་། ཨེ་མ་ཧོ། སྒྱེད་རྡོ་གསུམ། གནས་པར་ཤོག ཨ་ལ་ལ། སྒྱེད་རྡོ་གསུམ། མཐུན་པར་ཤོག ཨེ་མ་ཧོ། སྒྱེད་རྡོ་གསུམ། གནས་པར་ཤོག ཨ་ལ་ལ། སྒྱེད་རྡོ་གསུམ། མཐུན་པར་ཤོག ࿄࿄࿄ འབྲོག་པའི་སྦྲ་ནག་གྲུ་བཞི། མེས་པོའི་འབྲོག་སྒྱེད་སྐྱ་བོ། འགྱུར་མེད་སྒྱེད་རྡོ་གསུམ་འཛོམས། བུ་ངའི་སེམས་ཀྱི་ནོར་བུ་ཡིན། འབྲོག་པ་ཚང་གི་གཡང་རྟེན་ཡིན། ཨེ་མ་ཧོ། སྒྱེད་རྡོ་གསུམ། གནས་པར་ཤོག ཨ་ལ་ལ། སྒྱེད་རྡོ་གསུམ། མཐུན་པར་ཤོག ཨེ་མ་ཧོ། སྒྱེད་རྡོ་གསུམ། གནས་པར་ཤོག ཨ་ལ་ལ། སྒྱེད་རྡོ་གསུམ། མཐུན་པར་ཤོག RengTsing文化传媒