喜欢 作词 : 卓尕吉 作曲 : 贡波桑周 དགའ། ཚིག སྒྲོན་དཀར་སྐྱིད། དབྱངས། མགོན་པོ་བསམ་གྲུབ། ལེན་མཁན། མགོན་པོ་བསམ་གྲུབ། ལྷ་སྐྱིད། ࿄࿄࿄ ཡེ། ཞིམ་མངར་བཅུད་ཀྱིས་སྙེམས་པའི་འོ་ཞོ་འཐུང་པར་དགའ། འབྲུ་དྲུག་རྩེ་མགོའི་སྦྲང་དཀར་རྩམ་པ་རྫི་བར་དགའ། ཤ་ཤེད་འཕོངས་ར་ལེབ་པའི་རྟ་ནོར་སྐྱོང་བར་དགའ། ཆ་ལུགས་གོམས་སྲོལ་ཡག་པའི་བོད་རིགས་སྤྱི་ལ་དགའ། ࿄࿄࿄ ཡེ། དྲོད་ཁོལ་འཛོམས་པའི་རྩག་པ་སྐྱ་ཐོ་གྱོན་པར་དགའ།། ཕ་སྐད་གཙང་མའི་སྙན་འཇེབས་སྦྱོར་ལུགས་སྲོལ་ལ་དགའ།། ནང་པའི་ཆོས་ཀྱི་བསམ་སྤྱོད་འཛིན་སྐྱོང་བྱེད་པར་དགའ།། བོད་ཡུལ་སྐྱིད་པའི་ལྗོངས་ཀྱི་སེམས་ཅན་ཀུན་ལ་དགའ།། ࿄࿄࿄ ཡེ། མུ་ཁྱུད་གངས་རིའི་ཕ་ཡུལ་གངས་ལྗོངས་སྐྱོང་བར་དགའ།། རིན་ཆེན་གཏེར་ཁའི་ཕ་ས་ཕྱུག་མོ་སྲུང་བར་དགའ།། བདེ་ལྡན་དག་པའི་ཕྱོགས་བཅུའི་གནས་ཁམས་སྐྱོང་བར་དགའ།། གངས་ཅན་བོད་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དགའ།། གངས་ཅན་བོད་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དགའ།། RengTsing文化传媒