放歌 作词 : 毛尔盖·桑木旦 作曲 : 郎甲曲迈才让 རྒྱང་གླུ། ཚིག། དམུ་དགེ་བསམ་གཏན། དབྱངས། གླིང་རྒྱས་འཆི་མེད་ཚེ་རིང་། ལེན་མཁན། མགོན་པོ་བསམ་གྲུབ། ࿄࿄࿄ རི་མཐོན་པོའི་སྒང་ནས་རྒྱང་གླུ་ལེན།། ཡར་འབྲོག་པའི་ཐང་ལ་རྒྱང་ལྟ་བྱེད།། རྟ་ནོར་ལུག་མང་བོས་སྤང་ལྗོངས་ཁྱབ།། གླུ་སྙན་མོ་རྒྱང་གླུ་ལྷང་སེ་ལྷང་།། ཨ། ཨ། ཨ། རྒྱང་གླུ་ལྷང་སེ་ལྷང་། ࿄࿄࿄ རི་མཐོན་པོའི་སྒང་ནས་རྒྱང་གླུ་ལེན།། ཕར་རོང་བའི་ཞིང་ལ་རྒྱང་ལྟ་བྱེད།། འབྲུ་སྙེ་མའི་ལོ་ཏོག་རྦ་རླབས་འདྲ།། གླུ་སྙན་མོ་རྒྱང་གླུ་ལྷང་སེ་ལྷང་།། ཨ། ཨ། ཨ། རྒྱང་གླུ་ལྷང་སེ་ལྷང་། ࿄࿄࿄ རི་མཐོན་པོའི་སྒང་ནས་རྒྱང་གླུ་ལེན།། མར་བཟོ་ལས་གྲོང་ལ་རྒྱང་ལྟ་བྱེད།། འཕྲུལ་སྣ་ཚོགས་སྐད་སྒྲ་འབྲུག་དང་འདྲ།། གླུ་སྙན་མོ་རྒྱང་གླུ་ལྷང་སེ་ལྷང་།། ཨ། ཨ། ཨ། རྒྱང་གླུ་ལྷང་སེ་ལྷང་། ཨ། ཨ། ཨ། རྒྱང་གླུ་ལྷང་སེ་ལྷང་། RengTsing文化传媒