感受 作词 : 安曲谢尼 作曲 : 云丹贡布 མྱོང་ཚོར། ཚིག ཨ་མཆོག་ཤེར་མྱུག དབྱངས། ཡོན་ཏན་མགོན་པོ། བསྐྱར་ལེན་མཁན། མགོན་པོ་བསམ་གྲུབ། ࿄࿄࿄ སྲིད་པའི་འབྱོར་བ་མེད་པའི་བུ་ཆུང་ངས།། དྲང་བདེན་སྐད་ཆ་བཤད་ཀྱང་རློམས་ནི་ཉུང་།། དོན་བཟང་བྱ་བ་བསྒྲུབས་ཀྱང་དགའ་ནི་ཉུང་།། ཁ་ལས་མེད་པའི་བུ་ལ་ངོ་སོ་ཆུང་།། ཁ་ལས་མེད་པའི་བུ་ལ་ངོ་སོ་ཆུང་།། ࿄࿄࿄ རིག་པའི་བང་རྩལ་མེད་ན་ངོ་ཤེས་ཉུང་།། འཚོ་བའི་ཆ་རྐྱེན་ཞན་ན་གཉེན་ཉེ་ཉུང་།། བཙན་པོའི་དཔུང་ཁག་མེན་ན་རིག་ནི་ཉུང་།། རྒྱབ་རྩ་མེད་པའི་བུ་ལ་ངོ་སོ་ཆུང་།། རྒྱབ་རྩ་མེད་པའི་བུ་ལ་ངོ་སོ་ཆུང་།། ࿄࿄࿄ ལ་རྒྱའི་སྙིང་གཏམ་བཤད་ཀྱང་ཉན་ནི་ཉུང་།། མི་རིགས་ཁེ་ཕན་བསམ་ཡང་སེམས་ནི་ཉུང་།། ཐུན་མོང་རང་དབང་བརྩད་ཀྱང་རོགས་ནི་ཉུང་།། དབང་ཐང་མེད་པའི་བུ་ལ་ངོ་སོ་ཆུང་།། དབང་ཐང་མེད་པའི་བུ་ལ་ངོ་སོ་ཆུང་།། ࿄࿄࿄ བཙན་པོའི་གཉའ་གནོན་བྱས་ཀྱང་སྐྱོབ་ནི་ཉུང་།། སྡུག་གི་ཞྭ་མོ་ལྕི་ཡང་ལེན་ནི་ཉུང་།། འུ་ཐུག་མིག་ཆུ་བཞུར་ཡང་ཕྱི་ནི་ཉུང་།། རིན་ཐང་མེད་པའི་བུ་ལ་ངོ་སོ་ཆུང་།། རིན་ཐང་མེད་པའི་བུ་ལ་ངོ་སོ་ཆུང་།། ࿄࿄࿄ ཕྲག་དོག་ཚིག་གི་ཟུར་ཟ་བྱེད་ནི་མང་།། སྡིགས་དམོད་དམའ་འབེབ་བྱེད་མཁན་ཉུང་ཉུང་མིན།། ཨ་ལ་ཨ་མཚར་མིན་པའི་མྱོང་ཚོར་འདི།། ཡ་ཁོག་སྙིང་ནས་བརྡོལ་བའི་བདེན་གཏམ་ཡིན།། ཡ་ཁོག་སྙིང་ནས་བརྡོལ་བའི་བདེན་གཏམ་ཡིན།། RengTsing文化传媒