你和我 作词 : 本巴加 作曲 : 才昂扎西 ༼ ཁྱོད་དང་ང་།༽ 《你和我》 བྱང་སྨིན་དྲུག་རོལ་ཚོགས། 北昂宿乐队 BEI•ANG•SU•BAND ཚན་དཔལ་རིག་གསུམ་མེ་ལྟར་འབར་བའི་དུས་རབས་ཉེར་གཅིག། 繁荣昌盛的二十一世纪 རྒྱུ་མ་དྲ་ཡི་གཡོག་དུ་གྱུར་བའི་བྲན་གཡོག་ཁྱོད་ཚོ།། 沦为网络之奴的人们啊 མི་གཞི་བོར་དེ་ཁྱི་པགས་གྱོན་པའི་དུས་ངན་འདི་ལ།། 挥霍人性的权益 ཁྱོད་དང་ང་ཡི་ངོ་སོ་ཅི་འདྲའི་ཕྲ་བར་ལྟོས།། 你我之间的道义荡然无存 སྒོར་མོའི་དཔུང་རྩལ་དར་བའི་ང་ཡི་མི་ཡུལ་འདི་ན།། 用金钱来权衡高低的世间 མཁས་བླུན་དབང་གིས་ཕྱེ་བའི་ཁྱོད་ཀྱི་གནས་ལུགས་ཁྲོད་ན།། 用霸权来划分贤愚的社会 བདེན་རྫུན་ནོམ་གྱིས་བཀར་བའི་ཁྱོད་ཀྱི་ཆོས་ཉིད་ཀློང་ན།། 用谎言来辨别真假的演戏 ཁྱོད་དང་ང་ཡི་སྣང་བ་ཅི་འདྲའི་སྐྱིད་པ།། 怎么你我还如此的开心 བསེར་བུས་ཤུགས་གླུ་གྱེར་བའི་ང་ཡི་དུར་ཁྲོད་གླིང་ན།། 寒风凛凛的我的坟场 དབུལ་ཕྱུག་དབང་དྲག་འཐབ་པའི་ཁྱོད་ཀྱི་རྨི་ལམ་གྲོང་ན།། 贫富悬殊的你的梦庄 གཉོམ་ཆུང་སྙིང་རྩ་འདར་བའི་ང་ཡི་གཡུལ་སའི་ཁྲོད་ན།། 惊心动魄的我的战场 ཁྱོད་དང་ང་ལ་འཇིགས་སྐྲག་ཅི་འདྲའི་ཆེ་བ་འང།། 你与我很难压住恐惧的心 བདེན་དོན་གནས་ལུགས་འཚོལ་བའི་ང་ཡི་སྙིང་སྟོབས་གླེང་ན།། 我谈起追求真理的初衷 མེས་པོའི་མཛད་རྗེས་སྐྱོང་བར་ཁྱོད་རང་ཁ་དན་བགྱིས་ན།། 你立誓传承先祖的伟业 རང་ཉིད་གཉིད་ལས་སློང་བའི་འབོད་སྐུལ་རང་ལ་བཏང་ན།། 让我们把自己从梦中唤来 ཁྱོད་དང་ང་ཡི་སེམས་ཁམས་ཅི་འདྲའི་ཆུང་བ་འང་།། 唤醒我们心中沉睡的雄狮 གྲི་རྩེ་རང་ལ་གཏད་ནས་ཁྱོད་ཀྱི་དཔའ་སྐད་སྒྲོག་ན།། 你用利剑对着自己的胸口 དོན་མེད་བྱ་བའི་གྱོད་དོན་ང་ཡི་སེམས་ལ་ཉར་ན།། 只为一些没有意义的争执 ལོག་རྟོག་ཚིག་གི་ཐན་སྐད་ཁྱོད་ཀྱིས་གང་སར་ཁྱེར་ན།། 亮起獠牙挑拨离间的时候 ཁྱོད་དང་ང་ཡི་བློ་རིག་ཅི་འདྲའི་གྲིམ་པ།། 你我是否见得聪慧呢?